ཀཤི་མིར་ནང་ཁ་བྲལ་དྲག་སྤྱོད་པ་བཅིུག་རྐྱེན་ལམ་དུ་བཏང་བ།

ཀཤི་མིར་ཁ་བྲལ་གྱེན་ལོག་བདུན་དང་གཞུང་གི་དམག་མི་གཅིག་རྐྱེན་ལམ་ཕྱིན་ཡོད་ལུགས་ས་གནས་ཀྱི་དམག་སྤྱི་མ་ཐུར་གྱིས་གསུངས་གནང་འདུག

2008.09.28

༄༅༎རེས་གཟའ་ཉི་མའི་ཉིན་ཀཤི་མིར་གྱི་རྒྱལ་ས་ཤིརི་ན་གར་ནས་རོའུ་ཊརསེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན་ རྒྱལ་སའི་བྱང་ཕྱོགས་ཀྱི་ཀག་ནན་ནག་གསེབ་ཏུ་གྱེན་ལོག་པ་དང་གཞུང་གི་ཉེན་སྲུང་དམག་མིའི་བར་ཆུ་ཚོད་བཞི་ཅུ་ཞེ་བརྒྱད་ཙམ་རིང་འཐབ་རྩོད་ནང་ཁ་བྲལ་གྱེན་ལོག་བདུན་དང་གཞུང་གི་དམག་མི་གཅིག་རྐྱེན་ལམ་ཕྱིན་ཡོད་ལུགས་ས་གནས་ཀྱི་དམག་སྤྱི་ཨེ་ཀེ་མ་ཐུར་གྱིས་གསུངས་གནང་འདུག

ཡང་ཁོང་གིས་རེས་གཟའ་སྤེན་པའི་ཕྱི་དྲོ་ས་ཁུལ་གཞན་ཞིག་ལ་ ལཤི་ཁར་ཨེ་ཏོའི་སྦ་ཞེས་པའི་གྱེན་ལོག་པའི་དཔོན་རིགས་བཞི་རྐྱེན་ལམ་དུ་བཏང་ཡོད་ལུགས་ངོས་ལེན་གནང་འདུག གྱེན་ལོག་ཚོ་དགུན་དུས་ངར་མ་བཟོས་ནས་ས་མཐོ་ནས་དམའ་སར་བབ་ཀྱི་ཡོད་པར་བརྟེན་གཞུང་གི་ཉེན་སྲུང་དམག་མི་དང་འཐབ་རྩོད་ཡང་ཡང་ཡོང་གི་ཡོད་པ་ཡོངས་གྲགས་ཡིན་པ་རེད་ དེའི་ཁར་བར་ལམ་ནས་པ་ཀི་སི་ཐན་དང་ཨཕ་ག་ནི་སི་ཏན་ནང་ཨེལ་ཁེ་ཊ་དང་ཊ་ལི་སྦན་གྱེན་ལོག་པས་དྲག་རྒོལ་ཤུགས་ཆེ་རུ་འགྲོ་བཞིན་པ་དེས་ཀྱང་ཀཤི་མིར་ནང་གི་གྱེན་ལོག་པ་ཚོར་ཡང་སེམས་ཤུགས་འཕར་མ་སླེབས་ཀྱི་ཡོད་པ་བརྗོད་མི་དགོས་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎