རྒྱ་གར་གྱི་མ་འོངས་གསར་འགོད་པ་ཁག་བཞུཌ་སྒར་དུ་སླེབས།

མང་ཚོགས་འབྲེལ་མཐུད་ཤེས་ཡོན་ལྟེ་གནས་ཁང་གི་གསར་འགོད་པའི་སློབ་སྦྱོང་བྱེད་མཁན་ཁག་ཅིག་རྡ་སར་བལྟ་བསྐོར།

2012.02.28

༄༅༎བོད་མིའི་སྒྲིག་འཛུགས་ཀྱི་འཕགས་བོད་འབྲེལ་མཐུད་ལས་ཁང་གིས། ཟླ་བ་འདིའི་ཚེས་ ༡༦ ནས་ ༡༩ བར་ རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ Indian Institute of Mass Communication འམ་ མང་ཚོགས་འབྲེལ་མཐུད་ཤེས་ཡོན་ལྟེ་གནས་ཁང་གི་དབྱིན་ཡིག་ཐོག་གསར་འགོད་པའི་སློབ་སྦྱོང་བྱེད་མཁན་གྱི་སློབ་ཕྲུག་ཁག་གཅིག་ལ་བཞུགས་སྒར་རྡ་རམ་ས་ལར་ཤེས་ཡོན་བལྟ་བསྐོར་གྱི་ལས་རིམ་ཞིག་གོ་བསྒྲིགས་ཞུས་འདུག
འདིའི་དམིགས་ཡུལ་གཙོ་བོ་ནི་མ་འོངས་པའི་གསར་འགོད་པ་དེ་དག་གི་བོད་ཀྱི་གནད་དོན་སྤྱི་དང་ལྷག་པར་དུ་བོད་མིའི་རང་དབང་འཐབ་རྩོད་ཀྱི་གནད་དོན་ཤེས་རྟོགས་གོང་འཕེལ་གཏོང་ཐབས་ཆེད་ཡིན་འདུག་ཅིང༌། ཤེས་ཡོན་བལྟ་བསྐོར་གྱི་ལས་གཞི་དེའི་ནང་སློབ་ཕྲུག་ ༢༨ ཙམ་མཉམ་ཞུགས་བྱས་ཡོད་པ་དང༌། ཁོང་ཚོ་བཞུགས་སྒར་རྡ་རམ་ས་ལའི་གཞུང་གི་ལས་ཁུངས་ཁག་དང་དེ་མིན་གྱི་རིག་གཞུང་ལྟེ་གནས་ཁང་སོགས་སུ་བལྟ་བསྐོར་དུ་བསྐྱོད་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་གཞུང་གི་དཔོན་རིགས་དང་ལས་བྱེད་པ། དེ་བཞིན་བོད་མིའི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་འགོ་འཁྲིད་མི་སྣ་དང་ཐུགས་འཕྲད་ཀྱང་བྱས་འདུག།
སློབ་ཕྲུག་དེ་དག་ལ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་འབྲེལ་ལས་ཁུངས་ཀྱི་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས། ཕྱི་ལོ་ ༡༩༥༩ ལོར་བཙན་བྱོལ་ནང་གི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཐོགས་མར་བཙུགས་ཕྱོགས་ནས་ད་བར་གྱི་ལས་དོན་ཇི་སྤེལ་འགྲེལ་བརྗོད་གནང་པ་དང་སྦྲགས། གཙོ་ཆེ་རྒྱ་གར་གཞུང་གི་མཐུན་རྒྱུར་དང་དེ་བཞིན་རོགས་ཚོགས་སོགས་ཀྱི་མཐུན་རྒྱུར་ལ་བརྟེན་ནས་བཙན་བྱོལ་ནང་བོད་མི་ཚོས་རང་གི་ཐོུན་མ་ཡིན་པའི་རིག་གཞུང་དང༌། ཆོས་ལུགས། མི་རིགས་ཀྱི་ངོ་བོ་དང་སྐད་ཡིག་སོགས་རྒྱུན་འཛིན་ཐུབ་པ་བྱུང་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
ཐེངས་འདིའི་གསར་འགོད་པ་སློབ་མ་ཚོས་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་ཡོན་བལྟ་བསྐོར་གྱི་ལས་གཞི་གོ་སྒྲིག་གནང་ཕྱོགས་སོགས་ལ་དགའ་བསུ་ཆེན་པོ་ཞུས་ཡོད་འདུག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎