པ་ཀི་སི་ཐན་དེ་འཇིགས་སྐུལ་དྲག་སྤྱོད་པའི་བེད་སྤྱོད་དུ་མི་འགྱུར།

རྒྱ་གར་གྱི་སྲིད་བློན་ནས་པ་ཀི་སི་ཐན་ནི་འཇིགས་སྐུལ་དྲག་སྤྱོད་པའི་རྟེན་གཞི་བྱེད་ཡུལ་ཞིག་དང་བེད་སྤྱོད་གཏོང་ཡུལ་དུ་མི་འགྱུར་བའི་ཐུགས་རེ།
2009-06-16
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གྱི་སྲིད་བློན་མཆོག་གིས་པ་ཀི་སི་ཐན་ནི་འཇིགས་སྐུལ་དྲག་སྤྱོད་པའི་རྟེན་གཞི་བྱེད་ཡུལ་ཞིག་དང་བེད་སྤྱོད་གཏོང་ཡུལ་ཞིག་ཏུ་མི་འགྱུར་བའི་ཐུགས་རེ་གནང་གི་ཡོད་ཅེས་གསུངས་ཡོད་པ་རེད།

དེ་རིང་ར་ཤི་ཡའི་གསར་ཤོག་ཅིག་ཐོག་གནས་ཚུལ་སྤེལ་བའི་ནང་ན་ནིང་ཕྱི་ཟླ་བཅུ་གཅིག་པའི་ནང་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་ནང་གི་རྒྱས་སྤྲོས་ལྡན་པའི་མགྲོན་ཁང་དང་མི་དམངས་ཀྱི་འགྲིམས་འགྲུལ་བབས་ཚུགས་སོགས་ལ་ཚབས་ཆེའི་གཏོར་རྒོལ་བཏང་བའི་རྗེས་རྒྱ་གར་གཞུང་ཕྱོགས་ནས་གཏོར་རྒོལ་གཏོང་མཁན་གྱི་བྱེད་ལྟེ་པ་ཀི་སི་ཐན་ནང་རྟེན་གཞི་བྱས་པའི་ཁ་ཆེ་དྲག་སྤྱོད་ཚོགས་པ་དང་པ་ཀི་སི་ཐན་གཞུང་གིས་དྲག་སྤྱོད་པ་དེ་དག་ལ་མཐུན་འགྱུར་སྦྱར་གྱི་ཡོད་པའི་སྐྱོན་བརྗོད་བྱས་པའི་རྗེས་ད་རེས་རྒྱ་གར་གྱི་སྲིད་བློན་མཱན་མོ་ཧན་སིང་མཆོག་དང་པ་ཀི་སི་ཐན་གྱི་སྲིད་འཛིན་ཨ་སིཕ་ཨ་ལི་ཛར་རྡ་རི་རྣམ་གཉིས་མཇལ་འཕྲད་གནང་བ་ཐེངས་དང་པོ་ཡིན་པ་དང་སྐབས་དེར་རྒྱ་གར་གྱི་སྲིད་བློན་མཆོག་གིས་པ་ཀི་སི་ཐན་གྱི་སྲིད་འཛིན་ལ་འཚམས་འདྲིའི་ཕྱག་བཏང་གནང་བའི་རྗེས་ད་རེས་མཇལ་འཕྲད་བྱུང་བར་དགའ་ཚོར་བྱུང་ཞེས་དང་ཡིན་ནའང་ངས་གནད་དོན་གཙོ་བོ་ཞིག་རེ་འདུན་ཞུ་རྒྱུ་ནི་པ་ཀི་སི་ཐན་རྒྱལ་ཁབ་ནི་འཇིགས་སྐུལ་དྲག་སྤྱོད་པས་བེད་སྤྱོད་གཏོང་དུ་མི་བཅུག་པའི་རེ་བ་ཡོད་ཅེས་གསུངས་ཡོད་པ་རེད། ད་རེས་ཡུལ་གྲུ་གཉིས་ཀྱི་དབུ་ཁྲིད་རྣམ་གཉིས་ཀྱི་མཇལ་འཛོམས་དེ་ནི་ར་ཤི་ཡའི་གྲོང་ཁྱེར་ཡེ་ཀ་ཏེ་རིན་སྦག་ནང་ཚོགས་པའི་ཧྲང་ཧད་མཉམ་འབྲེལ་ལྷན་ཚོགས་ཐོག་ཚོགས་ཞུགས་གནང་བའི་རིང་འཕྲད་གནང་བ་ཞིག་ཡིན་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།