རྒྱ་གར་ནང་ཁ་ཆེ་དྲག་སྤྱོད་པ་གཉིས་རྐྱེན་ལམ་དུ་བཏང་ཡོད་པ།

རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ཉེན་རྟོག་པ་དང་ཁ་ཆེ་དྲག་སྤྱོད་པ་ཡིན་པར་དོགས་པ་ཡོད་པའི་མི་སྣའི་དབར་མེ་འཕེན་འཁྲུག་འཛིངས་བྱུང་འདུག
2008-09-20
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེན་རྟོག་པས་ ཁ་སང་རྒྱ་གར་གྱི་ཉེན་རྟོག་པ་དང་ ཁ་ཆེ་དྲག་སྤྱོད་པ་ཡིན་པར་དོགས་པ་ཡོད་པའི་མི་སྣའི་དབར་མེ་འཕེན་འཁྲུག་འཛིངས་བྱུང་སྟེ་ དོགས་གཞི་ཅན་གྱི་ཁ་ཆེ་དྲག་སྤྱོད་པ་གཉིས་རྐྱེན་ལམ་དུ་བཏང་བ་དང་ གཞན་གཉིས་གབ་གཡོལ་དུ་སོང་བ་དེ་དག་འཚོལ་ཞིབ་བྱེད་བཞིན་ཡོད་འདུག

ཁ་སང་མེ་འཕེན་འཁྲུག་འཛིངས་བྱུང་བའི་དོན་རྐྱེན་དེའི་འོག་རྐྱེན་ལམ་དུ་བཏང་པའི་དྲག་སྤྱོད་པ་དེ་གཉིས་ཉེ་ཆར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་འབར་རྫས་གཏོར་རྒོལ་གྱི་ལས་དོན་དེའི་ནང་ཐེ་བྱུས་ཆེན་པོ་ཡོད་མཁན་ཡིན་པར་ཉེན་རྟོག་པས་ཡིད་ཆེས་བྱེད་བཞིན་ཡོད་འདུག་ལ་ ལྷག་པར་དུ་ཨ་ཏིབ་ཟེར་བའི་མི་དེ་ནི་ རྒྱ་གར་གྱི་གྲོང་ཁྱེར་གཞན་ཁག་གི་ནང་འབར་རྫས་གཏོར་རྒོལ་བྱུང་བའི་ལས་དོན་གྱི་ནང་ཡང་ཐེ་བྱུས་ཡོད་པར་དོགས་པ་བྱེད་བཞིན་ཡོད་པ་རེད་

ཁ་སང་རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ས་གནས་ཇ་མི་ཡ་ན་གར་ཞེས་པ་ ཁ་ཆེའི་མི་རིགས་ཁྱོན་ཆེ་གནས་སྡོད་བྱ་སའི་ཁང་པ་ཞིག་གི་ནང་ དྲག་སྤྱོད་པ་འགའ་ཤས་གནས་སྡོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཉེན་རྟོག་པར་མཁོ་སྤྲོད་བྱུང་རྗེས་ ཉེན་རྟོག་མི་སྦ་འབོར་ཆེན་ཞིག་ནས་ཁང་པ་དེར་ཕར་རྒོལ་བྱས་སྐབས་ དྲག་སྤྱོད་པ་དེ་དག་གིས་མེ་འཕེན་ཡར་ལེན་སློག་ཅིང་ ཉེན་རྟོག་པ་གཅིག་དང་ དྲག་སྤྱོད་པ་གཉིས་རྐྱེན་ལམ་དུ་སོང་ཞིང་ དོགས་གཞི་ཡོད་པའི་དྲག་སྤྱོད་པ་གཅིག་གསོན་པོར་འཛིན་བཟུང་ཐུབ་པ་བྱུང་ཡོད་པ་རེད༎

མཆན། (0)
Share
དྲ་གནས་ཆ་ཚང༌།