རྒྱ་གར་ནང་ལྐོག་ཟ་ཉེས་ཅན་པར་ཉེས་ཆད་འགེལ་རྒྱུ་ཡིན།

རྒྱ་གར་ནང་ལྐོག་ཟ་རུལ་སུངས་བྱེད་མཁན་ཉེས་ཅན་པ་ཚོར་ཁྲིམས་ཐོག་ནས་ཞིབ་འཇུག་དང་འབྲེལ་ཉེས་ཆད་ངེས་པར་དུ་འགེལ་རྒྱུ་ཡིན་ལུགས།

2011-02-24
Share

༄༅༎རྒྱ་གར་གྱི་སྲིད་བློན་མཆོག་ནས་ལྐོག་ཟ་རུལ་སུངས་བྱེད་མཁན་ཉེས་ཅན་པ་ཚོར་ཁྲིམས་ཐོག་ནས་ཞིབ་འཇུག་དང་འབྲེལ་ཉེས་ཆད་ངེས་པར་དུ་འགེལ་རྒྱུ་ཡིན་ལུགས་གྲོས་ཚོགས་ནང་གསལ་བཤད་གནང་ཡོད་འདུག

དེང་སང་རྒྱ་གར་ནང་ཆེས་མཐོའི་དཔོན་རིགས་ཁག་ཅིག་དང་ལྷག་པར་དུ་གཞུང་འཛིན་ཚོགས་པའི་གནད་ཡོད་བློན་ཆེན་དང་། ལས་བྱེད་ཁག་ཅིག་ནས་ཧིན་སྒོར་ས་ཡ་མང་པོའི་ལྐོག་ཟས་བྱས་པའི་གནད་དོན་ཐོག་གསར་འགྱུར་བརྒྱུད་ལམ་ཁག་ནང་གླེང་སློང་མང་པོ་ཡོང་གི་ཡོད་པ་མ་ཟད་བློན་ཆེན་ཁག་ཅིག་ཐོག་ད་ལྟ་ཁྲིམས་ཐོག་ནས་ཞིབ་འཇུག་བྱེད་བཞིན་ཡོད་པ་བཅས་ཀྱི་གནས་སྟངས་འོག་སྲིད་བློན་དྲོག་དྲར་མན་མོ་མན་ སིང་མཆོག་ལ་ཕྱོགས་འགལ་ཚོགས་པ་ཚོས་མཛད་དཀའ་ཆེན་པོ་བཟོས་པས་མ་ཟད་གྲོས་ཚོགས་ཚོགས་དུས་ཀྱང་ཚགས་ཚུད་པོ་ཞིག་ཡོང་གི་མེད་པ་རེད། འོན་ཀྱང་དེ་རིང་གྲོས་ཚོགས་ནང་སྲིད་བློན་མཆོག་གིས། ཉེ་ཆར་ལྐོག་ཟ་རུལ་སུངས་ཀྱི་གནས་ཚུལ་དེ་དག་ཐོག་ནག་ཉེས་ཐོན་པ་ཡིན་ན་ཁྲིམས་ཐོག་ནས་ཁོང་ཚོའི་ཐོག་ཉེས་ཆད་ངེས་པར་དུ་འགེལ་གྱི་རེད། དེ་ནི་ཁྲིམས་ལུགས་གཞིར་བཟུང་འགྲོ་དགོས་པ་ཞིག་རེད། ཡིན་ནའང་སྤྱི་ཡོངས་ཀྱི་ཆ་ནས་ང་ཚོའི་རྒྱལ་ཁབ་ཀྱི་དཔལ་འབྱོར་ཡར་རྒྱས་དང་། ལོ་འཁོར་ཡོང་བབས་ལ་འཛམ་གླིང་ཡུལ་གྲུ་ཁག་ནས་བསྔགས་བརྗོད་འོས་པ་ཞིག་ཏུ་གྱུར་ཡོད་རེད་ཅེས་དང་། མང་ཚོགས་ཀྱི་དཀའ་ངལ་དཔེར་ན་རིན་ཐང་འཕར་ཆ་འགྲོ་གི་ཡོད་པ་དེ་དག་གི་ཐོག་གཞུང་ནས་གོང་ཚད་སྤར་ཆ་བྱེད་ཕྱོགས་ཐོག་སྟངས་འཛིན་བྱེད་རྒྱུ་ཡིན་ཞེས་གསུངས་ཡོད་པ་སོགས་གང་ལྟར་གསར་འགྱུར་བརྒྱུད་ལམ་ཁག་ནས་ཀྱང་གཞུང་གི་ནོར་འཁྲུལ་དང་། ཡར་རྒྱས་བཏང་བའི་གནས་ཚུལ་རྣམས་ཆ་སྙོམས་ཀྱི་ཐོག་ནས་མི་མང་ལ་གོ་རྟོག་སྤེལ་ཐུབ་པ་བྱེད་རྒྱུའང་གལ་ཆེན་པོ་རེད་ཅེས་གསུངས་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།