བོད་ནང་འབུ་སྲིན་གྱི་དཀའ་ངལ་གསར་པ་ཞིག་འཕྲད་བཞིན་པ།

བོད་ཀྱི་ས་ཁུལ་གང་ཙམ་ནང་ཐན་པ་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ལོ་ཏོག་ལ་གནོད་སྐྱོན་བཟོ་མཁན་གྱི་འབུ་རིགས་འབོར་ཆེན་ཡོང་བའི་དཀའ་ངལ།
2009-06-22
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎བོད་ཀྱི་ས་ཁུལ་གང་ཙམ་ནང་ཐན་པ་ཤུགས་ཆེ་བྱུང་བའི་རྐྱེན་གྱིས་ཨ་ཚག་ཚག་པ་སོགས་ལོ་ཏོག་ལ་གནོད་སྐྱོན་བཟོ་མཁན་གྱི་འབུ་རིགས་འབོར་གྱི་འཇིགས་པའི་དཀའ་ངལ་གསར་པ་སྤྲད་ཀྱི་ཡོད་པའི་གནས་ཚུལ་ཐོན་འདུག

རྒྱ་ནག་གི་གཞུང་འབྲེལ་གྱི་གསར་འགྱུར་ནང་སྤེལ་བའི་ནང་དོན་ལྟར་ན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་དུ་ཡོད་པའི་ས་ཁུལ་ཆེ་བ་དྲུག་ཡོད་པའི་ནང་ནས་ས་ཁུལ་ལྔའི་ནང་ལོ་ངོ་སུམ་བཅུའི་ནང་བྱུང་མྱོང་མེད་པའི་གཞི་རྒྱ་ཆེ་བའི་ཐན་པས་མནར་བཞིན་པ་དང་ས་གནས་ཁ་ཤས་ནང་ཉིན་གྲངས་༢༢༦རིང་ཆ་ཆུ་བབས་མེད་པ་དང་དེའི་ཤུགས་རྐྱེན་གྱིས་སྒོ་ཕྱུགས་སེམས་ཅན་གཅིག་ཁྲི་སུམ་སྟོང་ཙམ་ཤི་སྐྱོན་བྱུང་བ་དང་ས་ཞིང་འདེབས་ལས་ཀྱི་ལས་དོན་ཐོག་སྔར་བྱུང་མྱོང་མེད་པའི་ཐན་པས་མནར་བཞིན་པ་ཡིན་ཞིང་ཐན་པའི་འཇིགས་པ་བྱུང་བའི་གནས་སྟངས་དང་འབྲེལ་བའི་ལོ་ཏོག་ལ་གནོད་འཚེ་བཟོ་མཁན་འབུ་ཨ་ཚག་ཚག་པ་འབོར་ཆེན་ཡོང་ནས་ས་ཁུལ་ཁ་ཤས་ནང་མི་ཊར་གྲུ་བཞི་མ་གཅིག་གི་ནང་འབུ་ལྔ་བརྒྱ་ལྷག་ཙམ་ཡོང་ནས་ལོ་ཏོག་ལ་གནོད་འཚེ་བཏང་ཡོད་པ་རེད་འདུག ལོ་སྔོན་མའི་ནང་བོད་ཀྱི་མཚོ་སྔོན་ས་ཁུལ་གྱི་རྩ་ཐང་ནས་འབུ་བསད་བྱེད་ཀྱི་སྨན་རིགས་གནམ་ནས་བཏོར་ནས་ཕན་ཐོགས་བྱུང་ཡོད་ཀྱང་བོད་ཀྱི་དབུས་ཀྱི་ཁུལ་དུ་འབུ་རིགས་བསད་བྱེད་ཀྱི་སྨན་རིགས་བཏོར་བའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག འཛམ་གླིང་གི་ས་གོ་ལའི་སྟེང་དུ་ཚ་དྲོད་ཇེ་མཐོ་རུ་ཕྱིན་པ་བཞིན་བོད་ཀྱི་ས་མཐོའི་སྟེང་དུ་ཚ་དྲོད་མཐོ་རུ་ཕྱིན་པ་དང་འཁྱགས་རོང་བཞུས་པསོགས་ཀྱི་རྐྱེན་པས་བོད་ཙམ་མ་ཡིན་པར་རྒྱ་ནག་དང་རྒྱ་གར་ལྷོ་ཤར་ཨེ་ཤེ་ཡའི་ཡུལ་གྲུ་མང་པོའི་ནང་ཆུ་དཀོན་པའི་དཀའ་ངལ་ཡོང་སྲིད་པའི་སྔོན་དཔག་གནང་གི་ཡོད་པ་བཅས་ཀྱི་གནས་ཚུལ་ཐོན་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།