ཨོ་ལིམ་པིག་སྒྲོན་མེ་བོད་ནང་འཁྱེར་རྒྱུར་ཨི་ཊ་ལིའི་ནང་ངོ་རྒོལ།

ཨི་ཊ་ལིའི་ནང་བོད་རིགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མི་གྲངས་༢༠༠༠ལྷག་ཙམ་ཞིག་གིས་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་ལས་འགུལ་སྤེལ་འདུག

2008.06.18

༄༅༎རྒྱ་ནག་གཞུང་གིས་ཨོ་ལིམ་པིག་གི་སྒྲོན་མེ་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་བསྐོར་བསྐྱོད་བྱ་རྒྱུའི་འཆར་གཞི་ཡོད་པ་འདིར་བོད་རིགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོས་རྒྱལ་སྤྱིའི་ས་གནས་མང་པོའི་ནང་ངོ་རྒོལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་ལྟར་ད་རེས་ཨི་ཊ་ལིའི་རྒྱལ་ས་རོམ་གྱི་ནང་བོད་རིགས་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མི་གྲངས་༢༠༠༠ ལྷག་ཙམ་ཞིག་གིས་ཞི་བའི་གོམ་བགྲོད་ཀྱི་ངོ་རྒོལ་བྱས་ཏེ་ བོད་ནང་དཔལ་འབར་བསྐོར་བསྐྱོད་བྱ་རྒྱུའི་རྒྱ་ནག་གཞུང་གི་ཐག་གཅོད་འདིར་ངོ་རྒོལ་སྐད་འབོད་གནང་ཡོད་པ་རེད་ ཨི་ཊ་ལིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐུབ་བསྟན་བསྟན་འཛིན་ལགས་ཀྱིས་ཨི་ཊ་ལིའི་སྲིད་བློན་སྦར་ལུསི་ཀོ་ནི་དང་ཡོ་རོབ་མཉམ་མཐུན་ལྷན་ཚོགས་བཅས་པར་འབོད་སྐུལ་ཞིག་ཞུས་གནང་སྟེ་བོད་ནང་རྒྱ་ནག་གཞུང་གིས་དྲག་གནོན་ཤུགས་ཆེ་བྱེད་བཞིན་པའི་གནས་སྟངས་འདི་འདྲའི་འོག་རྒྱ་ནག་ནང་ཨོ་ལིམ་པིག་གི་ལུས་རྩལ་འགྲན་ཚོགས་ཀྱི་དབུ་འབྱེད་མཛད་སྒོའི་སར་མཉམ་བཞུགས་གནང་རྒྱུ་ཕྱིར་འཐེན་གནང་རོགས་གནང་ཞེས་རེ་སྐུལ་ཞུས་གནང་ཡོད་པ་རེད་

ཨི་ཊ་ལིའི་རེ་ཌི་ཁཱལ་སྲིད་དོན་ཚོགས་པ་དང་ཕྱི་འབྲེལ་ལྷན་ཁང་གི་ཚོགས་མི་མཱ་ཊི་ཡོ་མེ་ཁ་ཆི་ཡིས་ཀྱང་བོད་མི་ཚོ་དང་ལྷན་གཅིག་ཏུ་གོམ་བགྲོད་ནང་ཕེབས་པ་མ་ཟད་གསུང་བཤད་ཅིག་ཀྱང་གནང་སྟེ་བོད་དོན་རྒྱབ་སྐྱོར་ཡོད་ཚུལ་དང་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་ཡང་དག་པ་ཞིག་ལག་བསྟར་མ་བྱས་བར་ཨི་ཊ་ལིའི་སྲིད་བློན་མཆོག་ཨོ་ལིམ་པིག་གི་མཛད་སྒོར་ཕེབས་བཞུགས་གནང་རྒྱུར་མོས་མཐུན་ཞུ་ཡི་མེད་ཅེས་གསུངས་ཡོད་པ་རེད་༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས་དགུང་གྲངས་༥༢ཐོག་འདས་གྲོངས་སུ་ཕྱིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎