རྒྱ་གར་གྱི་སློབ་གྲྭ་ཆེན་མོས་༸གོང་ས་མཆོག་ལ་ཆེ་བསྟོད།

རྒྱ་གར་གྱི་ཇཱ་མི་ཡ་སློབ་གྲ་ཆེན་མོས་༧གོང་ས་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་གཟའ་མིག་དམར་ཉིན་དངོས་སུ་འབུལ་བཞེས་གནང་རྒྱུ་ཡིན་པ།

2010.11.22

༄༅༎རྒྱ་གར་གྱི་ཇཱ་མི་ཡ་སློབ་གྲ་ཆེན་མོས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཆེ་བསྟོད་ཀྱི་ཕྱག་འཁྱེར་གཟའ་མིག་དམར་ཉིན་དངོས་སུ་འབུལ་བཞེས་གནང་རྒྱུ་ཡིན་པའི་སྐོར་སློབ་གྲ་དེས་དེ་རིང་གསལ་བསྒྲགས་བྱས་འདུག

སློབ་གྲ་ཆེན་མོ་དེས་༧གོང་ས་མཆོག་ལ་སློབ་གྲ་དེའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་འབུལ་རྒྱུའི་སྐོར་རྒྱ་གར་གཞུང་ལ་སྙན་སེང་ཞུས་པའི་རྗེས་ཟླ་བ་ སྔོན་མ་རྒྱ་གར་གཞུང་གིས་གནད་དོན་དེ་ད་ལྟའི་ཆར་རྒྱ་ནག་ཕྱོགས་སུ་ཚོར་བ་རྣོ་བའི་གནད་དོན་ཞིག་ཡིན་ལུགས་ཀྱིས་ གནས་སྐབས་ཕྱིར་འགྱངས་བྱ་རྒྱུའི་སྐོར་སློབ་གྲའི་འབྲེལ་ཡོད་ལ་བརྡ་ལན་སྤྲད་ཡོད་ལུགས་སྐོར་གསར་འགྱུར་བརྒྱུད་ལམ་ཐོག་གནས་ཚུལ་ཐོན་པའི་རྗེས་ ད་རེས་སློབ་གྲ་དེས་དངོས་སུ་སློབ་གྲ་དེའི་ཆེ་བསྟོད་ཀྱི་ཕྱག་འཁྱེར་༧གོང་ས་མཆོག་ལ་འབུལ་བཞེས་གནང་རྒྱུ་ཕྱིར་བསྒྲགས་གནང་བ་དང་འབྲེལ་  ཕྱག་འཁྱེར་འབུལ་བཞེས་མཛད་སྒོའི་ཐོག་གི་སྐུ་མགྲོན་གཙོ་བོ་རྒྱ་གར་དབུས་གཞུང་གི་མིའི་ཐོན་སྐྱེད་ལས་ཁང་གི་བློན་ཆེན་ཀ་པིལ་སི་སྦལ་མཆོག་ཕེབས་རྒྱུ་ཡིན་པ་གསལ་བསྒྲགས་དེའི་ནང་འཁོད་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎