བྱམས་པ་དགེ་ལེགས་ལགས་དར་རྩེ་མདོ་ན་བཀག་འདུག

2016-05-18
གློག་འཕྲིན།
མཆན།
Share
པར་བཀོད།
རྟའུ་ཉ་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་བྱམས་པ་དགེ་ལེགས་ལཊ་ཀྱི་ཉེ་པར།
རྟའུ་ཉ་མཚོ་དགོན་པའི་ནང་བསྟན་གཙུག་ལག་སློབ་གྲྭའི་བྱམས་པ་དགེ་ལེགས་ལཊ་ཀྱི་ཉེ་པར།
བོད་འབྱོར།

རྟའུ་ཉ་མཚོ་དགོན་པའི་བྱམས་པ་དགེ་ལེགས་ལཊ་རྒྱ་གཞུང་ཉེན་རྟོག་པས་གློ་བུར་འཛིན་བཟུང་བཙན་ཁྲིད་ཀྱིས་དར་རྩེ་མདོ་ན་བཀག་འདུག  
དེ་ཡང་འབྲེལ་ཡོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་བཏང་བ་ལྟར་ན། དཀར་མཛེས་ཕྱོགས་ཀྱི་རྟའུ་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་༢༣་ཡིན་པ་བྱམས་པ་དགེ་ལེགས་ལགས་ཕྱི་ཟླ་༥་ཚེས་༡༦་ཉིན་གྱི་ཕྱི་དྲོ་ས་གནས་རྒྱ་མིིའི་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ད་ལྟ་དར་རྩེ་མདོ་ན་བཀག་ཉར་བྱས་བསྡད་ཡོད་པ་དང་། ཁོང་གློ་བུར་འཛིན་བཟུང་བྱ་དགོས་དོན་ནི། ཁོང་གི་གྲ་ཤག་ལ་བོད་ཀྱི་རྒྱལ་དར་བཤམ་ཡོད་པ་དང་། ལོ་སྔོན་མར་ཁོང་གིས་བོད་དོན་ཆེད་རང་ལུས་མེར་སྲེག་བཏང་གི་ཡིན་ཞེས་གསུངས་པའི་ཆ་ནས་འཛིན་བཟུང་བྱས་པ་ཞིག་ཡིན་ལུགས་བོད་ནང་གི་བོད་མིས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
འོན་ཀྱང་རྒྱ་ནག་གཞུང་གི་ཉེན་རྟོག་པས་གློ་བུར་འཇུ་བཟུང་སྐབས་རྒྱུ་མཚན་སོགས་གང་ཡང་གསལ་བཤད་བྱས་མེད་པ་རེད།
དེ་བཞིན་བོད་ནས་གནས་ཚུལ་འབྱོར་བར་གཞིགས་ན། གྲྭ་བྱམས་པ་དགེ་ལེགས་ལགས་ད་ལྟ་དར་རྩེ་མདོར་ཁྲིད་ནས་བཀག་ཉར་བྱས་བསྡད་ཡོད་པ་དང་། ཚེས་༡༦ཉིན་བོད་ནང་གི་མཚན་མོའི་ཆུ་ཚོད་བཅུ་པ་ཙམ་ལ་ཉེན་རྟོག་པ་འཕོན་ཆེན་པོ་གྲྭ་བྱམས་པ་དགེ་ལེགས་ཀྱི་གྲྭ་ཤག་ནང་དུ་འཛུལ་ནས་བསྔོག་བཤེར་ཡང་བྱས་ཡོད་འདུག
གོང་གི་བྱམས་པ་དགེ་ལེགས་ལགས་ནི་ལོ་༢༣ཙམ་ཡིན་པ་དང་། རྟའུ་རྫོང་མ་ཟུར་ཤང་རྫི་ཡ་གྲོང་པ་ནས་ཡིན་འདུག ཁོང་གི་པ་ལགས་ཀྱི་མཚན་ལ་ཚེ་རིང་དང་། ཨ་མ་ལགས་ཀྱི་མཚན་ལ་སྒྲོན་ལས་ཞུ་གི་ཡོད་པར་ཁོང་གཉིས་ལ་བུ་གཉིས་དང་བུ་མོ་གཅིག་བཅས་བུ་ཕྲུག་གསུམ་ཡོད་པའི་ནང་ནས་ཁོང་བུ་ཆེ་ཤོས་དེ་ཡིན་འདུག
བྱམས་པ་དགེ་ལེགས་ཀྱིས་ཉ་མཚོ་དགོན་གྱི་སློབ་གྲྭའི་གུང་སེང་སྐབས་རང་མོས་ཀྱིས་བོད་ཕྲུག་ཚོར་བོད་ཀྱི་སྲོལ་རྒྱུན་དང་སྐད་ཡིག་སོགས་སློབ་ཁྲིད་གནང་གི་ཡོད་འདུག

གསར་འགོད་པ་ཀླུ་འབུམ་དང་ཚེ་དབང་དངོས་གྲུབ།

མཆན། (0)
Share
དྲ་གནས་ཆ་ཚང༌།