འཇམ་དབྱངས་བློ་གྲོས་ལགས་རྒྱ་ནག་གི་ཉེན་རྟོག་པས་འཇུ་བཟུང་།

2016-05-26
གློག་འཕྲིན།
མཆན།
Share
པར་བཀོད།
འཇམ་དབྱངས་བློ་གྲོས་ལགས་ཀྱི་ཉེ་པར།
འཇམ་དབྱངས་བློ་གྲོས་ལགས་ཀྱི་ཉེ་པར།
Photo: RFA

ཨ་མདོ་རྔ་པ་རྩི་ནང་དགོན་པའི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་ཉེ་ཆར་གློ་བུར་དུ་རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
དེ་ཡང་ཧྥ་རན་སིར་གནས་བཞུགས་ཁོང་གི་སྤུན་མཆེད་ཆོས་འཕེལ་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་གནང་བར་ལྟར་ན། ཨ་མདོ་རྔ་བ་རྔ་སྟོད་རྩི་ནང་དགོན་དཔལ་མི་འགྱུར་ངེས་དོན་བདེ་ཆེན་གླིང་གི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་སྤྱི་ལོ་ ༢༠༡༦་ལོའི་སྤྱི་ཟླ་༥་ཚེས་༡༤་ཉིན་གྱི་དགོང་མོར། རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྒོ་འགྲམ་ནས་གློ་བུར་དུ་རྒྱ་ནག་གིས་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་ད་ལྟ་ཁོང་གང་དུ་བཀག་ཉར་བྱས་ཡོད་པ་སོགས་སྟངས་གནས་གསལ་པོ་ཤེས་རྟོགས་མེད་པར་འགྱུར་ཡོད་པ་རེད།  
ཆོས་འཕེལ་ལགས་ཀྱིས་མུ་མཐུད་ངོ་སྤྲོད་གནང་བར་ལྟར་ན། དགེ་འདུན་པ་འཇམ་དབྱངས་བློ་གྲོས་འཛིན་བཟུང་བྱེད་དོན་ཁ་གསལ་མ་ཤེས་ཀྱང་། ས་གནས་བོད་མི་ཚོས་བརྗོད་ན། ཁོང་གིས་ཆབ་སྲིད་དང་འབྲེལ་བའི་རྩོམ་ཡིག་མང་པོ་ཞིག་བྲིས་ཡོད་པ་དེ་དག་ཕར་ཚུར་བསྐུར་པའི་རྐྱེན་གྱིས་ཡིན་པ་ཚོད་དཔག་བྱེད་ཀྱི་ཡོད་འདུག
གོང་གི་དགེ་འདུན་པ་འཇམ་དབྱངས་བློ་གྲོས་ལགས་ནི་ད་ལྟ་དགུང་ལོ་༣༥ཙམ་ཡིན་པ་དང་།  ཁོང་གི་ཕ་མིང་ལ་ཚག་ཐོ་དང་། མ་མིང་ལ་ཟོག་རས་ཟེར་གྱི་ཡོད་འདུག
དེ་བཞིན་ཡང་འདི་གར་གནས་ཚུལ་འབྱོར་བ་ལྟར་ན། རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་བློ་བཟང་དར་རྒྱས་ལགས་སླར་ཡང་ས་གནས་རྒྱ་མིའི་ཉེན་རྟོག་པས་གཟའ་ཟླ་བ་སྟེ་འདི་ཚེས་༢༣་ཉིན་གྱི་མཚན་མོར་འཇུ་བཟུང་བྱས་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།