ཉི་ཧོང་གིས་སྲིད་བློན་གསར་བ་འདེམས་བསྐོ་བྱས་འདུག

2020-09-16
གློག་འཕྲིན།
མཆན།
Share
པར་བཀོད།
ཉི་ཧོང་གི་སྲིད་བློན་(Youshihide Suga)་ལགས། ༢༠༢༠།།༩།༡༤
ཉི་ཧོང་གི་སྲིད་བློན་(Youshihide Suga)་ལགས། ༢༠༢༠།།༩།༡༤
AFP

ཉི་ཧོང་གི་དམངས་གཙོ་ཚོགས་པའི་སྐུ་ཞབས་སོའུ་གྷ་(Yoshihide Suga)་ལགས་ཡུལ་དེའི་སྲིད་བློན་དུ་འདེམས་ཐོན་བྱུང་འདུག
འདི་ཚེས་༡༦་རེས་གཟའ་ལྷག་པ་ཉིན། ཉི་ཧོང་གཞུང་གི་བློན་ཆེན་ལྷན་ཚོགས་ཀྱི་དྲུང་ཆེ་སྐུ་ཞབས་(Yoshihide Suga)་ལགས། ཉི་ཧོང་གི་སྲིད་བློན་གསར་པར་འོས་འདེམས་བྱུང་ཡོད་པ་དང་། ཁོང་གིས་དེ་སྔའི་སྲིད་བློན་(Shinzo Abe)་ལགས་ཀྱི། དཔལ་འབྱོར་གྱི་ཐབས་བྱུས་དང་། གཞུང་གི་ལས་ཁུངས་ཁག་གི་སྒྲོམ་གཞིའི་ཐོག་བསྒྱུར་བཅོས་དང་གཞུང་གི་ལས་ཁུངས་ཁག་གི་སྒྲིག་གཞི་ལྷོད་དུ་གཏོང་རྒྱུའི་མཚོན་སྲིད་བྱུས་ཁག་མུ་མཐུད་དུ་ལག་བསྟར་གནང་རྒྱུ་དང་། བློན་ཆེན་ཕལ་ཆེ་བའི་གོ་གནས་མུ་མཐུད་དུ་རང་སོར་འཇོག་རྒྱུ་ཡིན་པ་རེད་འདུག
ཉི་ཧོང་གི་གྲོས་ཚོགས་ནས་ཉི་ཧོང་གི་སྲིད་བློན་དུ་འོས་འདེམས་བྱུང་བའི་དགུང་གྲངས་༧༡་ལ་ཕེབས་པའི་སྐུ་ཞབས་(Suga)་ལགས་ཀྱིས། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་གྱིས་དཔལ་འབྱོར་ཐོག་གནོད་ཚབས་བྱུང་བ་དེ་བསྐྱར་གསོ་མཚོན། རྒྱལ་ཁབ་ནང་ལོ་ན་བགྲེས་པའི་མི་འབོར་འཕར་བའི་གནས་བབས། མཐུན་ཕྱོགས་རྒྱལ་ཁབ་ཨ་མི་རི་ཀ་དང་འབྲེལ་བ་མུ་མཐུད་ནས་བཟང་པོའི་ཕྱོགས་ཀྱི་ལམ་བུ། རྒྱ་ནག་དང་ཡང་འབྲེལ་བའི་གནས་བབས་དེ་མུ་མཐུད་གཉེར་དགོས་པའི་དཀའ་རྙོག་མང་དག་ཅིག་ལ་གདོང་ལེན་གནང་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད།
གསར་དུ་འདེམས་ཐོན་བྱུང་བའི་ཉི་ཧོང་གི་སྲིད་བློན་(Youshihide Suga)་ལགས་ཀྱིས། ད་ལྟའི་ཆར་ཁོང་གིས་ཉི་ཧོང་གི་དཔལ་འབྱོར་བསྐྱར་གསོ་དང་རྒྱལ་ཁབ་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དེ་འགོག་ཐབས་ཀྱི་ལས་དོན་ཁག་གཉིས་གཙོ་འདོན་གནང་རྒྱུ་ཡིན་པ་གསུང་ཡོད་ནའང་། ཁོང་ལ་ད་ལྟའི་ཆར་མི་མང་ནང་རྒྱབ་སྐྱོར་གྱི་གནས་བབས་ཤུགས་ཆེ་ཡོད་སྟབས་ཡུལ་ནང་གྲོས་ཚོགས་ཀྱི་འཐུས་མིའི་འོས་བསྡུ་གནང་དགོས་པའི་དགོས་འདུན་བཏོན་སྲིད་པ་མི་རྣམས་ཀྱིས་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
སྲིད་བློན་གསར་བ་(Youshihide Suga)་ལགས་ནི། ཉི་ཧོང་གི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སྐྱེས་བ་དང་། མཐོ་འབྲིང་སློབ་གྲྭ་མཐར་ཕྱིན་རྗེས་ཤོག་སྒམ་བཟོ་གྲྭ་ཞིག་ཏུ་ལས་ཀ་བྱས། དེ་ནས་རྗེས་སུ་ཉི་ཧོང་གི་ཆབ་སྲིད་ཁྲོད་འཛུལ་ཞུགས་བྱས་ཏེ་རིམ་པ་བཞིན་གོ་གནས་འཕར་བ་ཞིག་ཡིན་འདུག
ཉེ་སྔོན་སྲིད་བློན་ཨ་བྷེ་ལགས་ཀྱིས་འཕྲོད་བསྟེན་གནས་སྟངས་ཀྱི་རྐྱེན་པས་སྲིད་བློན་གྱི་གོ་གནས་ནས་རྩ་དགོངས་ཞུས་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།