རང་ཉིད་ཀྱི་བདེ་འཇཊ་ལ་དོཊ་ཟོན་དགོས་བའི་སྔོན་བརྡ་བཏང་བ།


2016.08.12
ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༤།༡༡།༡༠ ཉི་ཧོང་གི་སྲིད་བློན་དང་རྒྱ་ནག་གི་སྲིད་འཛིན་རྣམ་གཉིས་མཇལ་འཕྲད་སྐབས། ༢༠༡༤།༡༡།༡༠
AFP

ཉི་ཧོང་གིས་རྒྱ་ནག་ནང་ཡོད་པའི་རང་གི་མི་སེར་ཚོར་བདེ་འཇགས་སྲུང་སྐྱོབ་ཐད་དོཊ་ཟོན་བྱེད་དགོས་པའི་སྔོན་བརྡ་བཏང་འདུག
དེང་སྐབས་ཉི་ཧོང་དང་རྒྱ་ནག་གཉིས་དབར་མ་མཐུན་པའི་གནད་དོན་ཐད་ཞེད་སྣང་དང་དངངས་ཚབ་ཆེ་རུ་འགྲོ་བཞིན་པའི་སྐབས་འདིར། ཉི་ཧོང་གིས་རྒྱ་ནག་ནང་ཡོད་པའི་རང་གི་མི་སེར་ཚོར་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ཐད་དོགས་ཟོན་བྱེད་དགོས་པའི་སྔོན་བརྡ་བཏང་འདུག
དེ་ཡང་རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་གཞུང་ཚབ་ཁང་གིས་ཉི་ཧོང་གི་ཁྱིམ་ཚེས་རྒྱལ་ཁབ་རྒྱ་ནག་ནང་ཚོར་རྣོ་ཆེ་བའི་ལོ་འཁོར་དུས་ཆེན་མང་པོ་འཆར་ལ་ཉེ་བ་དང་། ཡུལ་གྲུ་གཉིས་དབར་མཚོ་གླིང་གི་བདག་དབང་ཐད་རྩོད་རྙོག་གི་ཞེད་སྣང་དང་དངངས་ཚབ་ཇེ་ཆེར་འགྲོ་བཞིན་པའི་སྐབས་འདིར། རྒྱ་ནག་མི་མང་གིས་ཉི་ཧོང་ལ་མ་དགའ་བའི་འཁོན་སེམས་ཀྱི་ངར་ཤུགས་ཆེ་རུ་འགྲོ་སྲིད་སྟབས་རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་མི་སེར་ཚོས་རང་ཉིད་ཀྱི་བདེ་འཇགས་སྲུང་སྐྱོབ་ལ་དོགས་ཟོན་བྱེད་དགོས་པའི་སྡོན་བརྡ་བཏང་ཡོད་ཅིང་། ལོ་འཁོར་དུས་ཆེན་སྲུང་བརྩི་ཞེས་པ་ནི་ཕྱི་ཟླ་བརྒྱད་པའི་ཚེས་༡༥་ཉིན་དེ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཚམས་འཇོག་བྱུང་བའི་དུས་དྲན་ཡིན་པ་དང་། ཕྱི་ཟླ་༩་པའི་ནང་ལ་ཡང་ལོ་འཁོར་དུས་ཆེན་གཉིས་ཙམ་འཁེལ་གྱི་ཡོད་པ་ཁག་ལུངས་འདྲེན་གནང་འདུག
ད་དུང་རྒྱ་ནག་ནང་ཡོད་པའི་ཉི་ཧོང་གི་མི་སེར་ཚོར་རྒྱ་མི་རིགས་ཀྱིས་སུན་གཙེར་བརྡབ་སིག་བཏང་བའི་དོན་རྐྱེན་འགའ་ཤས་བྱུང་སྐོར་ཡང་བརྗོད་འདུག
ཉི་ཧོང་གི་ཕྱི་སྲིད་བློན་ཆེན་མཆོག་ནས་གཟའ་འཁོར་འདིའི་ནང་ཉི་ཧོང་ནང་བཅའ་བཞུགས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་བཀའ་འགུགས་གནང་སྟེ། ཉི་ཧོང་གི་འཛིན་སྐྱོང་བྱེད་བཞིན་པའི་ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་གི་ཉེ་འགྲམ་དུ་རྒྱ་ནག་གིས་མཚོ་གྲུ་སོགས་ཇེ་མང་དུ་བཏང་བར་ངོ་རྒོལ་སྐྱོན་བརྗོད་གནང་འདུག
ཤར་རྒྱ་ནག་རྒྱ་མཚོའི་ནང་གི་གླིང་ཕྲན་ཁག་གི་བདག་དབང་ཐད་རྒྱ་ནག་གིས་ཀྱང་བདག་དབང་ཡོད་པའི་རྩོད་གླེང་བྱེད་མུས་ཡིན་པ་རེད། ཡང་ཉི་ཧོང་གི་སྲིད་བློན་ཤིན་ཛོ་ཨ་བྷེ་མཆོག་གི་དབུ་འཁྲིད་པའི་ཉི་ཧོང་གི་བཀའ་བློན་ཁ་ཤས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་ཚེ་སྲོག་ཤོར་བའི་དམག་མི་དང་མི་ནག་ཅན་ཡིན་པར་རྩིས་པའི་དྲན་རྟེན་ཆེད་ཀྱི་ཉི་ཧོང་གི་རྒྱལ་ས་ཀྲོག་ཡོར་ཡོད་པའི་Yasukuni་ལྷ་ཁང་ལ་ཕེབས་འཆར་ཡོད་པ་དེར་རྒྱ་ནག་གིས་སེམས་འཚབ་ཡོད་སྐོར་ཞུས་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎