ཇོ་ནང་སྤྱི་འཐུས་ལ་རྒྱབ་སྐྱོར་མ་ཐོབ་པ་དང་ཨེ་ཤེ་ཡར་རྒྱབ་སྐྱོར་ཐོབ་པ།


2015.03.26
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག 2015/3/26 བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག 2015/3/26
དོན་ཡོད། RFA

གྲོས་ཚོགས་ནང་ཇོ་ནང་གི་ཆོས་བརྒྱུད་སྤྱི་འཐུས་གཉིས་འདེམས་རྒྱུའི་བསྐྱར་བཅོས་ཁྲིམས་འཆར་ལ་རྒྱབ་སྐྱོར་ཐོབ་མེད་པ་རེད།
དེ་ཡང་འདི་ག་རླུང་འཕྲིན་ཁང་གི་གསར་འགོད་པས་གནས་ཚུལ་བཏང་དོན། བཞུགས་སྒར་དུ་བསྐོང་ཚོགས་གནང་བཞིན་པའི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ཐོག་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཡིག་ཆ་ཨང་༡༨་པ་ཅིག་སླེབས་པའི་ནང་དུ། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་༣༧པའི་ནང་གསེས་དང་པོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་འཆར་སྐོར་ལ་བསྐྱར་བཅོས་ཀྱི་ཚིག་བརྗོད་ནང་། གཙོ་བོ་ཇོ་ནང་ཆོས་བརྒྱུད་ལ་སྤྱི་འཐུས་༢དང་། ཨོ་སི་ཊོ་ལེ་ཡ་དང་། ཨེ་ཤེ་ཡ་(australasia)ཁུལ་དུ་སྤྱི་འཐུས་༡གི་ཐོབ་ཐང་སྤྲོད་མིན་གྱི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཐད་བགྲོ་གླེང་གནང་བའི་རྗེས། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སི་ཊི་ལེ་ཡ་དང་ཨེ་ཤ་ཡ་ཁུལ་གྱི་བོད་མིའི་སྤྱི་ཚོགས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་གི་ཐོབ་ཐང་སྤྲོད་རྒྱུར་སྤྱི་འཐུས་༢༩ཡིས་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་ཡོད་པ་དང་། ཇོ་ནང་ལ་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ཐད་ཀྱི་གྲོས་གཞིར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༡༧ ལས་བྱུང་མེད་ཙང་རྒྱབ་སྐྱོར་གྱི་གྲངས་འབོར་ལོན་མེད་པ་རེད། དེའི་སྐོར་ཇོ་ནང་གི་འགྲོ་ཕན་ལྷན་ཚོགས་ཀྱི་ཚོགས་གཙོ་ཚངས་དབྱངས་རྒྱ་མཚོ་ལགས་ཀྱིས། ང་ཚོའི་ཇོ་ནང་ལ་ཆོས་བརྒྱུད་གཅིག་མཚུངས་ཀྱི་ཐོབ་ཐང་དགོས་གྱིན་ཡོད་པ་ལས་སྤྱི་འཐུས་ཀྱི་རྐུབ་སྟེགས་རྩོད་ཀྱི་མེད་ན་ཡང་། ད་ཐེངས་གྲོས་ཚོགས་ནང་དེའི་ཐད་ཀྱི་བཅའ་ཁྲིམས་བསྐྱར་བཅོས་འགྲོ་མ་ཐུབ་པར་ང་རང་བློ་ཕམ་བྱུང་ཅེས་བརྗོད་ཡོད།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་འདུའི་འགྲོ་ལུགས་དང་ལས་དོན་བྱེད་ཕྱོགས་ཀྱི་སྒྲིག་གཞིའི་ནང་། གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་རིགས་ལ་སྤྱི་འཐུས་ངོ་ཡོད་གསུམ་ཆ་གཉིས་ཀྱི་རྒྱབ་སྐྱོར་ཐོབ་དགོས་ཀྱི་ཡོད་རེད། རྒྱ་བལ་འབྲུག་གསུམ་ཕུད་པའི་ཨོ་སི་ཊི་ལེ་ཡ་དང་། ཨེ་ཤེ་ཡ་ཁུལ་གྱི་བོད་མིའི་སྤྱི་ཚོགས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཅིག་གི་ཐོབ་ཐང་སྤྲོད་རྒྱུར་སྤྱི་འཐུས་༢༩ཡིས་རྒྱབ་སྐྱོར་ཐོབ་སྟེ་གཏན་འབེབས་གནང་ཡོད་པ་དང་། ཇོ་ནང་ལ་སྤྱི་འཐུས་གཉིས་ཀྱི་ཐོབ་ཐང་སྤྲོད་རྒྱུའི་ཐད་ཀྱི་གྲོས་གཞིར་རྒྱབ་སྐྱོར་གནང་མཁན་སྤྱི་འཐུས་༡༧ལས་བྱུང་མེད་ཙང་རྒྱབ་སྐྱོར་གྱི་གྲངས་འབོར་ལོན་མེད་པ་རེད།
ཁྲིམས་འཆར་ཡིག་ཆ་དེའི་ནང་གི་གནད་དོན་གཞན་གཉིས་ཀྱི་ཚིག་དོན་ལ་བསྐྱར་བཅོས་གནང་ཡོད་པ་དེ་ནི། དེ་སྔོན་བྱང་ཨ་རི་ཁུལ་གྱི་བོད་མིའི་སྤྱི་ཚོགས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་དང་། ཨ་ཧྤེ་རི་ཀའི་ཁུལ་གྱི་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པར་བསྐྱར་བཅོས། དེ་སྔའི་ཡོ་རོབ་ཁུལ་གྱི་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པ། ཡུ་རོབ་དང་། ཨ་ཧྥེ་རི་ཀའི་ཁུལ་སྡོད་བོད་མིའི་ཁོངས་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་ཞེས་པར་བསྐྱར་བཅོས་གནང་ཡོད་པ་རེད།

གསར་འགོད་པ་ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གནས་ཚུལ་གཤམ་ལ་འདི་གའི་གསར་འགོད་པ་བསྟན་འཛིན་དབང་རྒྱལ་ལགས་ཀྱིས་བཏང་བར་གསན་རོགས༎

གསར་འགོད་པ་བསྟན་འཛིན་དབང་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་ཆུ་ཤུགས་གློག་འདོན་ས་ཚིགས་གསར་རྒྱག་ཆེད་ཨ་ཚོགས་བདེ་ཆེན་ཆོས་འཁོར་གླིང་དང་སྡེ་བ་གཉིས་བཙན་གྱིས་གཏོར་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎