གུན་གསབ་མ་སྤྲད་པར་བརྟེན་ས་གནས་སྲིད་གཞུང་མདུན་ངོ་རྒོལ་བྱས་འདུག

2018-10-15
གློག་འཕྲིན།
མཆན།
Share
པར་བཀོད།
ཅོ་ནེ་རྫོང་གི་ཉིན་པ་ཞང་སྲིད་གཞུང་གི་སྒོ་ཁ་རུ་བོད་མི་སྐོར་ཞིག་གིས་ཞི་བའི་ངོ་རྒོལ་སྐབས། ༢༠༡༨།༡༠།༡༣
ཅོ་ནེ་རྫོང་གི་ཉིན་པ་ཞང་སྲིད་གཞུང་གི་སྒོ་ཁ་རུ་བོད་མི་སྐོར་ཞིག་གིས་ཞི་བའི་ངོ་རྒོལ་སྐབས། ༢༠༡༨།༡༠།༡༣
བོད་འབྱོར།

ཅོ་ནེ་རྫོང་གི་ཉིན་པ་ཞང་སྲིད་གཞུང་གི་སྒོ་ཁ་རུ་བོད་མི་སྐོར་ཞིག་གིས་སྔོན་མ་ཁས་བླངས་བའི་གུན་གསབ་སྤྲོད་དགོས་པའི་དགོས་འདུན་ཐོག་ཞི་བའི་ངོ་རྒོལ་བྱས་ཡོད་འདུག
དེ་ཡང་༢༠༡༥ལོར་ས་གནས་རྒྱ་ནག་གཞུང་གི་བཀའ་བཀོད་ལྟར་ཅོ་ནེ་རྫོང་དུ་བོད་མི་ཚོས་ཕྱུགས་ཟོག་བཙོང་བ་དང་། ཇེ་ཉུང་དུ་བཏང་བར་གུན་གསབ་ཏུ་ཟླ་བ་རེར་དངུལ་སྤྲོད་རྒྱུ་ཡིན་པའི་ཁས་ལེན་བྱས་ནས་ད་བར་ལོ་གསུམ་འགོར་ཡོད་ཀྱང་། མང་ཚོཊ་ལ་ཅི་ཡང་སྤྲད་མེད་སྟབས་ཚེས ༡༣ཉིན།     ཉིན་པ་ཞང་སྲིད་གཞུང་གི་སྒོ་ཁ་རུ་མི་གྲངས་༢༠ཙམ་ཞིག་སར་བསྡད་དེ་ངོ་རྒོལ་བྱེད་བཞིན་པ་བརྙན་པར་དང་བཅས་འདི་གར་འབྱོར་ཡོད་ལ། བརྙན་པར་དུ་མི་ཞིག་གིས། ངོ་རྒོལ་བྱེད་དགོས་དོན་ནི། ༢༠༡༥ལོར་ཁྱིམ་ཚང་བརྒྱ་ལྷག་གིས་ཕྱུགས་ཟོག་བཙོང་ནས་སྲིད་གཞུང་གི་གུན་གསབ་ལ་རེ་སྒུག་བྱས་ཀྱང་། ད་ལྟའི་བར་གུན་གསབ་གང་ཡང་ཐོབ་མེད་པས་ངོ་རྒོལ་བྱེད་བཞིན་ཡོད། ངོ་རྒོལ་བའི་ཁྲོད་ལོ་༧༠ དང་༨༠ ཅན་འགའ་འང་ཡོད་འདུག་ལ། བོད་མི་དེ་དག་གིས་ཉིན་མཚན་གཉིས་ཀར་དེ་ལྟར་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་ཀྱང་། སྲིད་གཞུང་གི་ལས་བྱེད་ཚོས་སྣང་ཆུང་སྒོས་ཁ་ཡ་ཙམ་ཡང་མི་བྱེད་པ་ངོ་སྤྲོད་བྱས་འདུག
ལོ་ཤས་སྔོན་མདོ་སྨད་རྩེ་ཁོག་རྫོང་དུའང་སྲིད་གཞུང་གིས་བཀོད་འདོམས་འོག་འབྲོག་པ་ཚོའི་ཕྱུག་ཟོག་རིན་གོང་དམའ་བོ་བྱས་ནས་བཙོང་བཅུག་ཏེ་མང་ཚོཊ་ལ་གུན་གསུབ་སྤྲོད་རྒྱུའི་ཁས་ལེན་བྱས་ཏེ་ལོ་འགའ་འགོར་ཡང་དངོས་སུ་ལག་ལེན་མ་བསྟར་བར་མང་ཚོགས་ལ་འཚོ་གནས་ཐོག་དཀའ་ངལ་འཕྲད་ཡོད་པ་རེད།

གསར་འགོད་པ་རྡོ་རྗེ་མཚོ།

མཆན། (0)
Share
དྲ་གནས་ཆ་ཚང༌།