མེ་སྐྱོན་ཤོར་ས་གཙུག་ལག་ཁང་གྱི་ལྷ་ཁང་གཙོ་བོ་དང་རྒྱ་ཕིབས་ཡིན་འདུག


2018.02.21
རྒྱ་ནག་གཞུང་གི་ནང་ཁུལ་ཡིག་ཆ་ཟེར་བའི་ངོ་བཤུས། ༢༠༡༨།༢ རྒྱ་ནག་གཞུང་གི་ནང་ཁུལ་ཡིག་ཆ་ཟེར་བའི་ངོ་བཤུས། ༢༠༡༨།༢
སྤྱི་ཚོགས་དྲ་བ།

ད་ཐེངས་ལྷ་སའི་གཙུག་ལག་ཁང་གི་ལྷ་ཁང་གཙོ་བོ་དང་རྒྱ་ཕིབས་ལ་མེ་སྐྱོན་ཤོར་བ་འཁོད་པའི་རྒྱ་ནག་གཞུང་གི་ནང་ཁུལ་ཡིག་ཆ་ཟེར་བ་ཞིག་གི་ནང་གསལ་འདུག
དེ་ཡང་རྒྱ་ནག་དབུས་གཞུང་གི་སྤྱི་བདེ་ལས་ཁུངས་ཀྱི་ནང་ཁུལ་བརྡ་ཁྱབ་ཞིག་སྤྱི་ཚོགས་དྲ་ལམ་ཁག་ཏུ་ཁྱབ་སྤེལ་འགྲོ་བཞིན་ཡོད་ཅིང་། དེ་ནི་ལྷ་སའི་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་བའི་བསླབ་བྱ་དང་དགོན་སྡེ་ཁག་ཏུ་མེ་སྐྱོན་སྔོན་འགོག་གི་ལས་གཞི་ཚགས་ཚུད་གཏོང་རྒྱུ་ཞེས་ཡིག་ཆ་ཨང་[2018]30 ཟེར་བ་དེ་ཡིན་འདུག  དེའི་ནང་ལྷ་སའི་གཙུག་ལག་ཁང་གི་ཇོ་ཁང་དང་། གསེར་གྱི་རྒྱ་ཕིབས་ལ་མེ་སྐྱོན་ཤོར་བ་ལྷ་སའི་སྤྱི་བདེ་ཉེན་རྟོག་པ་ལ་སྤྱི་ཟླ་༢པའི་ཚེས་༡༧ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༧དང་སྐར་མ་༦་ལ་བརྡ་ལན་འབྱོར་ཡོད་པ་དང་། དེ་ནས་ས་གནས་དེར་རང་ཡོད་པའི་མེ་གསོད་མཁན་ཚོས་ཆུ་ཚོད་༧དང་སྐར་མ་༧ཐོག་མེ་གསོད་རྒྱུ་འགོ་བཙུག་ཡོད་ཚུལ་འཁོད་འདུག འོན་ཀྱང་རྒྱ་ནག་གི་ཤིན་ཧ་གསར་ཁང་དང་བོད་ལྗོངས་ཉིན་རེའི་ཚགས་པར་སོགས་ནང་མེ་སྐྱོན་དེ་ཆུ་ཚོད་༦དང་སྐར་མ་༤༠་ཐོག་ལ་འགོ་འཛུགས་པ་རེད་ཅེས་འཁོད་འདུག
ད་དུང་རྒྱ་ནག་དབུས་སྤྱི་བདེའི་ལས་ཁང་གི་ནང་ཁུལ་ཡིག་ཆ་དེའི་ནང་མེ་གསོད་མཁན་གྱི་མོ་ཊ་༣༧དང་། མེ་གསོད་དམག་མི་༢༠༠ཙམ་གྱིས་མེ་གསོད་ལས་དོན་སྤེལ་རྗེས་ཕྱི་དྲོའི་ཆུ་ཚོད་༨་དང་སྐར་མ་ལྔའི་ཐོག་གཞིི་ནས་མེ་གསོད་ཐུབ་ཡོད་པ་བརྗོད་འདུག་སྟབས་མེ་གསོད་རྒྱུར་དུས་ཡུན་ཆུ་ཚོད་གཅིག་མ་ཟིན་ཙམ་འགོར་ཡོད་པ་འཁོད་འདུག
དེ་བཞིན་བརྒྱུད་ལམ་ཁག་གི་ནང་གི་ཇོ་ཁང་ངམ་གཙུག་ལག་ཁང་ལ་གནོད་སྐྱོན་བྱུང་ཡོད་མ་རེད་ཟེར་བ་དེ་བདེན་པ་མིན་པའི་སྐོར་(Columbia)་གཙུག་ལག་སློབ་གྲཱ་ཆེན་མོའི་དགེ་རྒན་ཟུར་པ་བོད་དོན་ཉམས་ཞིབ་པ་རོ་སྦི་སྦར་ནེཊ་ལགས་ཀྱིས་ཀྲུ་ཊར་དྲ་རྒྱ་ཐོག་གནས་ཚུལ་དེ་དག་སྤེལ་ཡོད་པ་རེད།
ད་དུང་ཡིག་ཆ་དེའི་ནང་། ཐེངས་འདིར་མེ་སྐྱོན་གྱི་གནོད་འཚེ་ཐེབས་ཡུལ་གཙུག་ལག་ཁང་གི་ས་ཁྱོན་རྨི་ཏྲར་གྲུ་བཞི་མ་ ༥༠ ཙམ་ཡིན་པ་དང་། དེ་ནི་ཇོ་ཁང་ཤར་ངོས་ལས་ལྡབ་གཉིས་ཙམ་ཆེ་བ་ཡོད་པ་མ་ཟད་དེའི་ནང་སྐུ་བརྟེན་གཙོ་བོ་ཇོ་ཁང་ཡང་ཚུད་ཡོད་འདུག་ཀྱང་མི་ལ་རྨས་སྐྱོན་གང་ཡང་བྱུང་མེད་པ་རེད།
ད་ལྟའི་ཆར་མེ་སྐྱོན་བྱུང་རྐྱེན་གང་ཡིན་དང་གྱོང་གུན་ག་ཚོད་བྱུང་མིན་སོགས་མུ་མཐུད་ཞིབ་འཇུག་བྱེད་བཞིན་ཡོད་སྐོར་རྒྱ་ནག་དབུས་སྤྱི་བདེ་ལས་ཁང་གི་ནང་ཁུལ་བརྡ་ཁྱབ་དེའི་ནང་བཀོད་ཡོད་པ་རེད། འོན་ཀྱང་ཡིག་ཆ་འདི་ངོ་མ་ཡིན་མིན་འདི་ག་རླུང་འཕྲིན་ཁང་ནས་མཐའ་གཅིག་ཏུ་ཐག་ཆོད་མ་ཐུབ་པས་མུ་མཐུད་རྩད་གཅོད་བྱེད་བཞིན་པ་ཡིན། པེ་ཅིང་དུ་ཞུགས་པའི་ཚེ་རིང་འོད་ཟེར་ལགས་དང་ཨ་རིའི་ཀི་ལོམ་བི་ཡའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་དཔོན་ རོ་སྦི་ སྦར་ནེཊ་སོགས་ཀྱི་ཀྱང་ཡིག་ཆ་འདི་ཁྱབ་སྤེལ་གནང་འདུག།
ཡིག་ཆ་དེ་ནི་རྒྱ་ནག་དབུས་སྤྱི་བདེ་ལས་ཁུངས་ཀྱིས་ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་ཁག་ནང་ཡོད་པའི་སྤྱི་བདེའི་མེ་སྐྱོན་སྔོན་འགོག་གི་སྤྱི་ཁྱབ་ལས་ཁང་ཁག་དང་། དེ་བཞིན་ཤིན་ཅང་ཐོན་སྐྱེད་འཛུགས་བསྐྲུན་དཔུང་ཚོགས་ཀྱི་སྤྱི་བདེའི་མེ་སྐྱོན་སྔོན་འགོག་ཚན་པ་བཅས་ཀྱི་མིང་ཐོག་ཏུ་བཏང་ཡོད་པ་གསལ་འདུག

གསར་འགོད་པ་རྡོ་རྗེ་དགྲ་འདུལ་དང་། བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎