དྲུག་བཞི་ཚེས་ལ་ཉེ་བས་རྒྱ་ནག་གིས་གང་སར་དམ་དྲག་ཇེ་ཆེར་བཏང་འདུག

2019-05-27
གློག་འཕྲིན།
མཆན།
Share
པར་བཀོད།
༡༩༨༩་ལོའི་དམངས་གཙོའི་ལས་འགུལ་སྐབས་ཀྱི་པར་རྙིང་།
༡༩༨༩་ལོའི་དམངས་གཙོའི་ལས་འགུལ་སྐབས་ཀྱི་པར་རྙིང་།
པར་ཚགས།

རྒྱ་ནག་ནང་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་དྲུག་བཞིའི་དོན་རྐྱེན་གྱི་དུས་ཚེས་སླེབས་ལ་ཉེ་བས་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་དམ་དྲག་ཇེ་ཆེར་བཏང་འདུག
དེ་ཡང་ལོ་ལྟར་ཕྱི་ཟླ་༦པའི་ཚེས་༤སྟེ། སྤྱི་ལོ་༡༩༨༩ལོར་རྒྱ་ནག་གི་རྒྱལ་སར་པེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་གིས་སྣེ་ཁྲིད་པའི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་མི་གསོད་ཁྲག་སྦྱོར་གྱི་དྲག་གནོན་བྱས་རྗེས་དེ་ནི་རྒྱ་ནག་གི་སྤྱི་ཚོགས་ནང་ཚོར་བ་རྣོ་བའི་དུས་ཚེས་ཞིག་ཆགས་ཡོད། དམིགས་བསལ་ད་ལོ་ནི་དྲུག་བཞིའི་དོན་རྐྱེན་བྱུང་ནས་ད་བར་མི་ལོ་༣༠་འཁོར་བའི་ལོ་ཡིན་པ་རེད།
ད་ཆ་ཟླ་༦་པའི་ཚེས་༤་སླེབས་ལ་ཉེ་བས། བདུན་ཕྲག་གཉིས་ཀྱི་གོང་དུ་རྒྱ་ནག་གཞུང་ནས་སྤྱི་ཚོགས་དྲ་ལམ་སྟེང་། མང་ཚོགས་ཁྲོད་གནམ་བདེ་སྒོ་མོ་ཆེའི་དུས་དྲན་དང་འབྲེལ་བའི་གནས་ཚུལ་ཁྱབ་སྤེལ་དང་དཔྱད་གླེང་། རྩོམ་ལ་སོགས་པ་ཡོངས་རྫོགས་བཀག་སྡོམ་ཆེད་འཕྲུལ་རྩལ་གྱི་བྱེད་ཐབས་འདྲ་མིན་སྤྱད་ནས་དོ་དམ་ནན་མོ་བྱེད་བཞིན་ཡོད་པ་རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
མིང་འདོན་བྱ་འདོད་མེད་པའི་(Bytedance)་གློག་ཀླད་བཟོ་ཚོང་ཁེ་ལས་ཀྱི་ལས་བྱེད་པ་གཉིས་ཀྱིས། ཁེ་ལས་ཁང་འདིས་སྤྱི་ཚོགས་དྲ་ལམ་ནང་གནམ་སྡེ་སྒོ་མ་ཆེ་དང་། བོད། དེ་བཞིན་ཞིན་ཅིང་དང་ཐེ་ཝན་བཅས་འཁོད་པའི་ཐ་སྙད་དང་གནད་དོན་ལ་ཞིབ་བཤེར་གྱི་ལས་དོན་མང་ཆེ་བ་འཕྲུལ་རིགས་ལག་རྩལ་ལ་བརྟེན་ནས་རང་འགུལ་གྱིས་ཞིབ་བཤེར་བྱེད་ཀྱི་ཡོད་པའི་སྐོར་རོ་ཨི་ཀྲར་གསར་ལས་ཁང་ལ་བརྗོད་འདུག
འདི་ཚེས་༢༦་ཉིན་ཧོང་ཀོང་ནང་དམངས་གཙོ་ལ་དགའ་མཁན་མི་གྲངས་༢༠༠༠་ལྷག་མཉམ་དུ་འཛོམས་ནས་རྒྱ་ནག་གི་པེ་ཅིང་ནང་དྲུག་བཞིའི་དོན་རྐྱེན་བྱུང་ནས་ད་བར་མི་ལོ་༣༠་འཁོར་བར་དྲན་གསོ་ཆེད་གོམ་བགྲོད་ལས་འགུལ་སྤེལ་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།