བྲང་ཁར་གྲིས་རྒྱབ་ནས་ཟུངས་ཁྲག་གིས་བོད་རང་བཙན་བྲིས།

ཉེ་ཆར་མདོ་སྨད་ཀན་ལྷོ་གཙོད་གྲོང་ཁྱེར་ཁ་གྱ་སྟོད་ཀྱི་གཞོན་སྐྱེས་འཇིཊ་མེད་ཚེ་བརྟན་གྱིས་སོ་སོའི་བྲང་ཁར་གྲིས་རྒྱབ་ནས་ས་གནས་སློབ་གྲྭའི་གྱང་ངོར་ཁྲག་གིས་བོད་རང་བཙན་ཞེས་བྲིས་རྗེས་རང་ཤི་རྒྱབ་ཡོད་འདུག

2012.12.04

དེ་ཡང་བོད་ནས་འདི་ག་རླུང་འཕྲིན་ཁང་ལ་གནས་ཚུལ་འབྱོར་དོན། ཟླ་བ་སྔོན་མའི་ནང་རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་བཞིན་པའི་སྐབས་༼ཚེས་གྲངས་གསལ་པོ་ཤེས་མ་སོང་།སྐབས་དེར་དྲ་ལམ་ཚང་མ་བཀག་ཡོད་པས་གནས་ཚུལ་ཕྱི་ལ་མཁོ་སྤྲོད་བྱེད་ཐུབ་མེད་ཟེར༽སུ་དེང་སྐབས་ཀྱི་ཀན་སུའུ་ཞིང་ཆེན་ཁོངས་ཀྱི་མདོ་སྨད་ཀན་ལྷོ་ཁུལ་གཙོད་གྲོང་ཁྱེར་ཁ་གྱ་སྟོད་ཞང་ཆུ་ནག་སྡེ་བའི་༼ཡུལ་ཚོ༽དགུང་ལོ་༣༠ཡིན་པའི་ན་གཞོན་འཇིགས་མེད་ཚེ་བརྟན་གྱིས་སོ་སོའི་བྲང་ཁར་གྲིས་བརྒྱབ་ཏེ་ཁྲག་བཏོན་ནས་ཁ་གྱ་སྟོད་ཞང་གི་སློབ་གྲྭའི་གྱང་ངོར་བོད་རང་བཙན་ཞེས་ཡི་གེ་བྲིས་རྗེས། ཡང་བསྐྱར་སོ་སོར་གྲིས་བརྒྱབ་ཏེ་རང་ཤི་བརྒྱབ་ཡོད། ཡང་གནས་ཚུལ་ཡོང་ཁུངས་ནས་གསུང་ན།འཇིགས་མེད་ཚེ་བརྟན་གྱིས་ཞང་གི་སློབ་གྲྭའི་གྱང་ངོར་བོད་རང་བཙན་ཞེས་པའི་ཡེ་གེ་ཁྲག་གིས་བྲིས་ནས་རང་ཤི་བརྒྱབ་རྗེས། ཞང་སྲིད་གཞུང་གི་ལས་བྱེད་དང་ཆུ་ནག་སྡེ་བར་བལྟ་རྟོག་བྱེད་མཁན་མི་སྣ་སླེབས་ཏེ་མྱུར་དུ་ཡི་གེ་བསུབ་པ་དང་། ཁོང་གིས་ཨ་རག་འཐུང་རྗེས་ར་བཟི་སྟེ་རང་ཤི་བརྒྱབ་པ་ཡིན་ཚུལ་བསྒྲགས་ནས་གནས་ཚུལ་ངོ་མ་འགེབས་ཐབས་བྱས་ཡོད་འདུག

གནས་ཚུལ་ལྟར་ན། ཁོང་གི་ཨ་ཕ་སྔོན་མ་ནས་འདས་གྲོངས་ཕྱིན་པ་དང་།ད་ལྟ་ཨ་མ་དང་ཆུང་མ།བྱིས་པ་གཉིས་བཅས་ཡོད་འདུག ཆུ་ནག་སྡེ་བ་དང་ཁ་གྱ་སྟོད་ཞང་སྲིད་གཞུང་བར་སྤྱི་ལེ་ཕྱེད་ཀ་ཙམ་ལས་མེད་པར་མཉམ་དུ་གནས་བ་ཞིག་རེད།རྒྱ་ནག་གི་ཚོགས་ཆེན་བཅོ་བརྒྱད་སྐབས་སུ་སྡེ་བ་སྟེ་ཡུལ་ཚོ་སོ་སོར་ལྟ་རྟོག་བྱེད་མཁན་ལས་བྱེད་མངག་ནས་སྐོར་གཡེང་བྱེད་དུ་བཅུག་ཡོད་པའི་སྐབས་ཡིན་པས་།ཆུ་ནག་ཡུལ་ཚོར་བལྟ་རྟོག་བྱེད་མཁན་སྡེ་བའི་མགོ་བ་དང་ལྟ་རྟོག་བྱེད་མཁན་ཚོས་ལམ་སང་ཡི་གེ་བསུབ་ནས་གནས་ཚུལ་ངོ་མ་གསང་བ་བྱས་བ་དང་སྐབས་དེར་དྲ་ལམ་ཐབས་ཅད་བཀག་ཡོད་པས་ད་བར་ཕྱི་ལ་བཤད་པའི་གོ་སྐབས་བྱུང་མེད་ཅེས་དང། ཡང་ཁོང་གིས་མུ་མཐུད་དུ་གསུང་ན། དེང་སྐབས་ཀན་ལྷོ་ཁུལ་དུ་དམ་དྲག་ཤུགས་ཆེན་གྱིས་ཞིབ་བཤེར་ནན་མོ་བྱས་ནས་བོད་མི་ཕན་ཚུན་བར་ཁ་པར་ཐོག་རང་ལུས་མེར་བསྲེག་བཏང་བའི་གནས་ཚུལ་བཤད་པ་དང་།པར་སོགས་ཕན་ཚུན་བར་སྐུར་བ་སོགས་ལ་རྐྱེན་བྱས་ནས་བོད་མི་མང་པོ་ད་ལྟ་བཀག་ཉར་བྱས་ཡོད་པའི་གནས་སྟངས་ཧ་ཅང་ཛ་དྲག་རེད་ཟེར།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རིའི་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་སྒོ་བརྒྱབ་ན་བོད་མིའི་སྐད་སྒྲ་མེད་པ་འགྱུར་ངེས་རེད་ཅེས་བོད་ཀྱི་གྲགས་ཅན་རྩོམ་པ་པོ་དང་སྙན་ངག་པ་ཚེ་རིང་འོད་ཟེར་ལགས་ཀྱིས་གསུངས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
རྒྱ་ནག་གཞུང་གིས་རྒྱ་གར་ནང་གདན་ས་ཁག་དང་སློབ་གྲྭ་ཁག་ཏུ་སློབ་གཉེར་གནང་བཞིན་པའི་བོད་མི་རྒྱ་གར་མི་སེར་བཟོས་པ་ཚོའི་རྒྱ་ནག་གི་མི་སེར་ཐོབ་ཐང་དང་ས་ཆའི་ཐོབ་སྐལ་སོགས་གཞུང་བཞེས་གཏང་རྒྱུ་ཡིན་པ་བསྒྲགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎