དུས་འཁོར་དབང་ཆེན་གྱི་དངུལ་རྩིས་བྱུང་སོང་གསལ་བསྒྲགས།

དུས་འཁོར་དབང་ཆེན་ཐེངས་༣༢པའི་དངུལ་རྩིས་བྱུང་སོང་སྐོར་གསར་འགོད་གསལ་བསྒྲགས་གནང་འདུག

2012.02.01

༄༅༎ཕྱི་ཟླ་༢ཚེས་༡ཉིན་རྡ་ས་གངས་སྐྱིད་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ད་དུས་འཁོར་དབང་ཆེན་ཐེངས་༣༢པའི་གོ་སྒྲིག་ཚོགས་ཆུང་གི་དངུལ་རྩིས་བྱུང་སོང་དང་། མཇུག་བསྡོམས་གསར་འགོད་གསལ་བསྒྲགས་གནང་བའི་ནང་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་རྣམ་པས་དབུས། དད་ལྡན་ཁྲི་ཚོ་མང་པོས་དད་འབུལ་ཞུསཔའི་ཞལ་འདེབས་ཕུལ་འབྱོར་བྱུང་བ་ཁྱོན་བསྡོམས་ཧིན་སྒོར་དུང་ཕྱིར་གསུམ་དང་བྱེ་བ་གཉིས་ས་ཡ་དགུ་དང་། གསུམ་འབུམ་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་དང་། དེ་ནས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་འགྱེད་མཆོད་འབུལ་དང་། དེ་མིན་དུས་འཁོར་དབང་ཆེན་གནང་ཡུལ་གསུང་ཆོས་ར་བའི་དབུ་གུར་དང་། གསུང་པར་གཟུགས་མཐོང་བརྙན་འཕྲིན་། དེ་བཞིན་མང་ཚོགས་ཞུགས་ཡུལ་གྱི་སྡོད་གུར་སོགས་འགྲོ་གྲོན་ཁག་བཅས་ལ་སོང་བ་ཁྱོན་བསྡོམས་ཧིན་སྒོར་དུང་ཕྱུར་གཉིས་དང་བྱེ་བ་ལྔ། ས་ཡ་བདུན་དང་། བརྒྱད་འབུམ་སུམ་ཁྲི་སུམ་སྟོང་ཉིས་བརྒྱ་བཞི་བཅུ་ཞེ་དགུ་བཅས་ཚ་ཚང་གཅོག་འཐེན་ཟིན་པའི་དངུལ་ལྷག་ཧིན་སྒོར་བྱེ་བ་བདུན་དང་ས་ཡ་གཅིག འབུམ་ལྔ་ཡོད་པ་རྣམས་༸གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་བཞིན། སྤྱི་ཚོགས་ཀྱི་བདེ་རྩ་དང་འབྲེལ་བའི་ཚོགས་སྡེ་ཁག་ལ་བགོ་འགྲེམས་ཞུས་ཡོད་པའི་ནང་སྦི་ཧར་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གྱི་ཛ་དྲག་ངལ་སེལ་མ་དངུལ་ཆེད་དང་། རྡོ་རྗེ་གདན་ཡུལ་མིའི་ཕྲུ་གུའི་ཤེས་ཡོན་མཐུན་རྐྱེན་ཐེབས་རྩ་དང་། ཡུལ་མིའི་མིག་གཤགས་བཅོས་བྱེད་རྒྱུའི་མཐུན་རྐྱེན་མཆོད་རྟེན་རིན་པོ་ཆེ་ཉམས་གསོའི་ཐེབས་རྩ་རྡོ་རྗེ་གདན་ས་གནས་ཁོར་ཡུག་སྲུང་སྐྱོབས་དང་།ཤེས་ཡོན་གོང་འཕེལ་གྱི་ཐེབས་རྩ་བཅས་ལ་ ཧིན་སྒོར་བྱེད་བ་གཅིག་དང་ས་ཡ་གཅིག་འབུམ་ལྔ་བོདམི་སྐྱབས་བཅོལ་བའི་ན་གཞོན་རྣམས་ཀྱི་རིགས་གཅིག་རྐང་འཛིན་སོགས་ཤེས་ཡོན་ཆེད་བོད་མིའི་ཕྲུ་གུའི་ཤེས་ཡོན་བདེ་རྩའི་ཐེབས་རྩ་བརྒྱུད་ཧིན་སྒོར་བྱེ་བ་གཅིག རྒྱ་བལ་འབྲུག་གསུམ་དུ་གནས་སྡོད་བོད་མི་ཉམ་ཐག་རྒས་གཅོང་རྣམས་ཀྱི་ངལ་སེལ་ཐེབས་རྩའི་ཆེད་དབུས་བོད་མིའི་ངལ་སེལ་ཚོགས་པ་བརྒྱུད་ཧིན་སྒོར་བྱེ་བ་གཅིག ཆོས་རིག་ལས་ཁུངས་བརྒྱུད་བོད་ནས་གསར་ཕེབས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུ་དྲུང་བོན་དང་བཅས་པའི་གྲ་བཙུན་སློབ་གཉེར་བ་རྣམས་ཀྱི་འཚོ་སྣོན་མཐུན་རྐྱེན་གྱི་ཐེབས་རྩར་ཧིན་སྒོར་བྱེ་བ་གཅིག་སོགས་སྤྱི་ཚོགས་བདེ་རྩ་དང་འབྲེལ་བའི་ཚོགས་སྡེ་ཁག་ལ་བགོ་འགྲེམས་གནང་ཡོད་པ་རེད༎

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་མཇལ་བཅར་བ་༢༠༠་ཙམ་ལ་མཇལ་ཁ་སྩལ་གནང་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎