རུ་སོག་བོད་ཀྱི་དོན་གཅོད་མཆོག་སྒྱུ་རྩལ་འགྲེམས་སྟོན་ཐོག་མཉམ་ཞུགས་དང་གཏམ་བཤད།

2020-03-16
གློག་འཕྲིན།
མཆན།
Share
པར་བཀོད།
རུ་སོག་བོད་ཀྱི་དོན་གཅོད་མཆོག་སྒྱུ་རྩལ་འགྲེམས་སྟོན་ཐོག་མཉམ་ཞུགས་སྐབས། ༢༠༢༠།༣
རུ་སོག་བོད་ཀྱི་དོན་གཅོད་མཆོག་སྒྱུ་རྩལ་འགྲེམས་སྟོན་ཐོག་མཉམ་ཞུགས་སྐབས། ༢༠༢༠།༣
OOT, Moscow

རུ་སོག་བོད་ཀྱི་དོན་གཅོད་མཆོག་ཀེལ་མུག་(Kalmyk)་ལ་རང་སྐྱོང་ཐོབ་ནས་མི་ལོ་བརྒྱ་འཁོར་བའི་སྒྱུ་རྩལ་འགྲེམས་སྟོན་མཛད་སྒོའི་ཐོག་མཉམ་ཞུགས་ཀྱིས་བོད་དོན་གཏམ་བཤད་གནང་འདུག
ཨུ་རུ་སུའི་རྒྱལ་ས་མོ་སུ་ཁོ་(Moscow)་ནང་གི་(Kalmyk)་ལ་རང་སྐྱོང་ཐོབ་ནས་མི་ལོ་༡༠༠་འཁོར་པའི་སྒྱུ་རྩལ་གྱི་འགྲེམས་སྟོན་མཛད་སྒོའི་ཐོག་རུ་སོག་བོད་ཀྱི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་དང་ཡུལ་དེའི་རིག་གཞུང་དང་ཡུལ་སྐོར་བློན་ཆེན་གཉིས་སྐུ་མགྲོན་གཙོ་བོར་གདན་ཞུ་མཉམ་ཞུགས་གནང་འདུག
རུ་སོག་བོད་ཀྱི་དོན་གཅོད་ཏེ་ལོ་རིན་པོ་མཆོག་གིས་སྐབས་དེར། མཛད་སྒོའིི་ཐོག་ཕེབས་པའི་སྒྱུ་རྩལ་བ་དང་། ཤེས་ཡོན་པ། ལོ་རྒྱུས་ཆེད་མཁས་བ་བཅས་དམངས་ཚོགས་འདུ་འཛོམས་སར་ཁོང་ཉིད་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་བོད་མིའི་ཚབ་བྱས་ནས་ཕེབས་པ་དང་། ཨུ་རུ་སུའི་མི་དམངས་དང་བོད་ཀྱི་མི་དམངས་གཉིས་ཀྱི་ལོ་རྒྱུས་འདྲ་པོ་ཡོད་པ་དཔེར་ན། དུས་རབས་༢༠་བའི་ནང་རིག་གཞུང་མང་པོ་གཏོར་བརླག་ཕྱིན་པ་ནས་མཚོན་ཐུབ་ཀྱི་ཡོད། ཕྱིས་སུ་ཨུ་རུ་སིའི་མི་དམངས་ཚོས་རང་དབང་བསྐྱར་གསོ་ཐོབ་ཡོད་ནའང་། བོད་མི་ཚོས་མུ་མཐུད་དུ་འཐབ་རྩོད་བྱེད་བཞིན་པའི་གནས་སྟངས་ཡིན་སྟབས་ང་ཚོས་ནམ་ཡང་རང་དབང་གི་འབོད་སྒྲ་དེ་བརྗེད་མི་ཉན་ཞེས་འབོད་སྐུལ་ཞུས་འདུག
མཛད་སྒོ་ཚོགས་གྲུབ་རྗེས་ཏེ་ལོ་རིན་པོ་ཆེ་མཆོག་གིས། ས་གནས་ཀྱི་གསར་ལམ་ཁག་ཅིག་གི་བཅར་འདྲི་དང་ལེན་གནང་ནས། གཙོ་བོ་༧གོང་ས་མཆོག་གི་དགོངས་གཞི་འགྲོ་བ་མིའི་རིན་ཐང་དང་ཆོས་ལུགས་ཕན་ཚུན་མཐུན་འབྲེལ་སྐོར་གསུངས་ཡོད་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།