ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པ་ཚོས་༧གོང་ས་མཆོག་ལ་དབྱངས་ཀྱི་མཆོད་པ་འབུལ་བ།


2019-06-13
Share
ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པ་ཚོས་༧གོང་ས་མཆོག་ལ་དབྱངས་ཀྱི་མཆོད་པ་འབུལ་བ། 2019/6 ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པ་ཚོས་༧གོང་ས་མཆོག་ལ་དབྱངས་ཀྱི་མཆོད་པ་འབུལ་བ། 2019/6
OOT, Moscow

ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པ་ཚོས་༧གོང་ས་མཆོག་གི་སྐུ་ཚེ་བརྟན་ཆེད་དབྱངས་ཀྱི་མཆོད་པའི་རོལ་དབྱངས་འདུ་འཛོམས་གནང་འདུག
བོད་ཟླ་བཞི་པ་ས་ག་ཟླ་བ་སྟེ་ནང་པའི་ཆོས་ཕྱོགས་ཀྱི་དུས་ཆེན་ཁྱད་པར་ཅན་དང་སྟབས་བསྟུན་ནས་ཨུ་རུ་སུའི་མངའ་ཁུལ་ཁལ་མུཀ་སྤྱི་མཐུན་རྒྱལ་ཁབ་(Republic of Kalmykia)ཀྱི་དད་ལྡན་ནང་པ་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཁམས་
གསལ་དྭངས་ཐོག་སྐུ་ཚེ་བརྟན་ཆེད་(Kalmykia)སྤྱི་མཐུན་རྒྱལ་ཁབ་ཀྱི་ནང་པའི་དགོན་པའི་མཐུན་ཚོགས་ནས་རོལ་དབྱངས་ཀྱི་འདུ་འཛོམས་ཤིག་གོ་སྒྲིག་གནང་ཡོད་པ་དང་། འདུ་འཛོམས་དེའི་ཐོག་(Kalmykia)འི་རོལ་དབྱངས་པ་གྲགས་ཅན་སྐུ་ཞབས་(Savar Katayev)ཡིས་གཙོས་པའི་རོལ་དབྱངས་མཁས་ཅན་མི་གྲངས་༧༠༠་ཙམ་མཉམ་རུབ་ཀྱིས་རོལ་དབྱངས་དཀྲོལ་གཏོང་གནང་བའི་སྐབས་ས་གནས་མི་དམངས་དྲུག་སྟོང་ལྷག་ཙམ་ཞིག་མཉམ་ཞུགས་གནང་ཡོད་པ་རེད། ལྷག་པར་དུ་སྐབས་དེར་(Kalmykia) ཁལ་མུཀའི་མི་དམངས་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྐུ་ཚེ་ཞབས་པད་བརྟན་རྒྱུར་གསོལ་འདེབས་སྨོན་ལམ་འབུལ་གནང་བ་དང་སྦྲགས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་མྱུར་དུ་(Kalmykia) ཁལ་མུཀའི་ནང་ཆིབས་བསྒྱུར་གནང་སྐྱོང་ཡོང་བའི་ཐུགས་སྨོན་ཡང་གནང་ཡོད་པ་རེད། རོལ་དབྱངས་འདུ་འཛོམས་དེ་བཞིན་ཡུལ་དེའི་ནང་ཡོད་པའི་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེས་སྤྱི་ལོ་༢༠༡༥་ལོར་དབུ་བཙུགས་གནང་བ་ཞིག་ཡིན་པ་རེད།
སྤྱིར་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སྤྱི་ལོ་༡༩༩༡་ལོ་དང་། ༡༩༩༢་དེ་བཞིན་སྤྱི་ལོ་༢༠༠༤་ལོ་བཅས་སུ་(Kalmykia) ཁལ་མུཀའི་ནང་ཆིབས་བསྒྱུར་ཐེངས་གསུམ་བསྐྱངས་གནང་ཡོད་ནའང་(Kalmykia)དད་ལྡན་ནང་པ་ཚོས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ད་དུང་ཡུལ་དེའི་ནང་ཆིབས་བསྒྱུར་གནང་རྒྱུར་རེ་འདུན་ཆེན་པོ་གནང་བཞིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།