ཁེ་ཎ་ཌའིར་བོད་མི་ཁག་ཅིག་གཞི་སྤོས་སྐོར་བཀའ་བསྡུར།

བཀའ་ཁྲི་མཆོག་གིས་ཁེ་ན་ཌའི་མི་སེར་དང་ཕྱི་མི་གཞིས་སྤོས་ལས་དོན་བློན་ཆེན་སྐུ་ཞབས་ཇེ་སེན་ཀེ་ནི་དང་མཇལ་འཕྲད་གནང་འདུག

2012.04.30

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་རྒྱ་གར་བྱང་ཤར་ཨ་རུ་ཎ་ཅལ་པཱར་རྡེཤི་ཁུལ་གནས་སྡོད་བོད་མི་ཁག་ཅིག་ཁེ་ན་ཌའི་ནང་གནས་སྤོས་གཞིས་ཆགས་བྱ་ཕྱོགས་སྐོར་བཀའ་མོལ་གནང་ཆེད་ཁེ་ན་ཌའི་མི་སེར་དང་ཕྱི་མི་གཞིས་སྤོས་ལས་དོན་བློན་ཆེན་སྐུ་ཞབས་ཇེ་སེན་ཀེ་ནི་དང་མཇལ་འཕྲད་གནང་འདུག།
བཀའ་བློན་ཁྲི་པ་མཆོག་གིས་བློན་ཆེན་ཇེ་སེན་ཀེ་ནི་མཆོག་ཨེལ་གིན་གསོལ་མགྲོན་ཁང་དུ་ དུས་ཡུན་སྐར་མ་༥༠རིང་མཇལ་འཕྲད་གནང་འདུག། སྐབས་དེར་ཁོང་རྣམ་གཉིས་དབར་ཁེ་ན་ཌའི་ཁུལ་རྒྱ་གར་ནས་བོད་མི་ཁག་ཅིག་གནས་སྤོས་གཞིས་ཆགས་བྱ་རྒྱུའི་ལས་འཆར་སྐོར་བཀའ་བསྡུར་ལྷུག་པོ་གནང་ཡོད་ཅིང༌། ཁེ་ན་ཌའི་མི་སེར་དང་ཕྱི་མི་གཞིས་ཆགས་ལས་དོན་བློན་ཆེན་མཆོག་ལ་ བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་ བོད་མི་གཞིས་ཆགས་གནས་སྤོས་བྱ་རྒྱུའི་ལས་འཆར་གྱི་གོ་རིམ་སྐོར་འགྲེལ་བཤད་ཞིབ་ཕྲ་གནང་བ་མ་ཟད། བོད་མི་ཚོའི་མངོན་འདོད་རེ་བ་ཇི་ཡིན་གསལ་བཤད་ཞུས་གནང་ཡོད་པའི་སྐོར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་གནང་བཞག།
ཁེ་ན་ཌའི་སྲིད་བློན་མཆོག་དང་ དུས་ཡུན་རིང་པོ་ནས་བོད་པའི་གྲོགས་པོ་ཡིན་པ་ཁེ་ན་ཌའི་མི་སེར་དང་ཕྱི་མི་གཞིས་ཆགས་ལས་དོན་བློན་ཆེན་རྣམ་གཉིས་ལ་བཀའ་ཁྲི་མཆོག་གིས་ཐུགས་རྗེ་ཆེ་ཞུས་གནང་ཡོད་པ་དང༌། བློན་ཆེན་ཇེ་སེན་ཀེ་ནི་ངོས་ནས་ཀྱང་ཀེ་ཎེ་ཌའི་ནང་བོད་མི་གཞིས་སྤོས་བྱ་རྒྱུའི་ལས་འཆར་དེར་ལམ་ལྷོང་ཡོང་བ་དང་ཆབས་ཅིག། མ་འོངས་པར་ལས་འཆར་དེའི་རིགས་ཡང་ཀྱར་དབུ་འཛུགས་གནང་ཐུབ་པའི་ཐུགས་རེ་གནང་འདུག། ཡང་ཁོང་གིས་བཀའ་ཁྲི་མཆོག་ལ། མ་འོངས་པར་རྒྱལ་ཁབ་གཞན་ནས་གནས་སྤོས་གཞིས་ཆགས་ཀྱི་ལས་འཆར་དེའི་རིགས་དབུ་འཛུགས་གནང་རྒྱུའི་བཀའ་མོལ་སྲིད་བློན་མཆོག་ལ་ཞུ་སྲིད་པའི་སྐོར་གསུངས་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
ཀརྨ་ཚེ་བརྟན་བོད་རང་སྐྱོང་ལྗོངས་མི་མང་སྲིད་གཞུང་གི་འགོ་གཙོའི་ལས་ཚབ་ཏུ་བསྐོ་གཞག་བྱས་ཡོད་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མི་རྣམས་ནས་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་གནང་གལ་ཆེ་བ་ཡིན་ཞེས། སྲིད་སྐྱོང་མཆོག་གིས་མོན་གྷོ་འདོད་རྒུ་གླིང་གི་མི་མང་་ལ་གསུངས་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎