དོན་ལྡན་གླིང་གཞིས་སྒར་དུ་སྨན་ཁང་ཞིག་དབུ་འབྱེད།

བཀའ་ཁྲི་མཆོག་གིས་དོན་ལྡན་གླིང་གཞིས་ཆགས་སུ་བཙན་བྱོལ་བོད་མིའི་ཤེས་ཡོན་དང་བོད་ནང་གི་ད་ལྟའི་གནས་ཚུལ་སྐོར་གསུངས་མོལ།

2012.01.31

༄༅༎བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེངྒེ་མཆོག་གིས་ རྒྱ་གར་ལྷོ་ཕྱོགས་ ཀོ་ལི་གལ་ དོན་ལྡན་གླིང་བོད་མིའི་གཞིས་སྒར་དུ་སྨན་ཁང་གསར་པ་དབུ་འབྱེད་གནང་བར་ཕེབས་པ་དང་དུས་མཚུངས། གཞིས་ཆགས་ཀྱི་མང་ཚོགས་ལ་བཙན་བྱོལ་བོད་མིའི་ཤེས་ཡོན་དང་བོད་ནང་གི་ད་ལྟའི་གནས་ཚུལ་སྐོར་གསུངས་མོལ་གནང་བཞག།
བཀའ་བློན་ཁྲི་པ་མཆོག་གིས་བོད་པའི་ན་གཞོན་ཚོའི་ཤེས་ཡོན་སློབ་གསོ་དེ་བཞིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་ཨང་དང་པོར་རྩིས་གནང་གི་ཡོད་པ་དང༌། དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་གཞི་ཡུལ་འདྲ་མིན་གྱི་སློབ་ཚན་ནང་བོད་པའི་ཆེད་ལས་མཁས་པ་གང་མང་ཐོན་ཐུབ་པའི་འཆར་གཞི་གསར་བཟོ་གནང་ཡོད་པ་དང༌། རིགས་གཅིག་རྐང་འཛིན་ཐོན་ཐབས་བྱེད་མཁན་གྱི་བོད་པའི་སློབ་ཕྲག་ཚོར་ཤེས་རིག་ནས་སློབ་ཡོན་གྱི་རོགས་རམ་གནང་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་འདུག།
དེ་བཞིན་བཀའ་ཁྲི་བློ་བཟང་སེངྒེ་མཆོག་གིས་གཞིས་ཆགས་ཀྱི་མི་མང་ཚོར་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བཀའ་ཤག་གིས་ཐུགས་འཚབ་ཡོད་སྐོར་གསུངས་ཏེ། བཀའ་ཤག་ངོས་ནས་ཨ་རི་དང་ཡུ་རོཔ་གཙོས་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དབུ་འཁྲིད་རྣམ་པ་ཚོར་རྒྱ་ནག་ཐོག་གནོན་ཤུགས་སྐྱོན་ནས་བོད་ནང་གི་དཀའ་ངལ་སེལ་ཐབས་གནང་དགོས་པའི་ཞུ་སྐུལ་གནང་བཞིན་ཡོད་སྐོར་འགྲེལ་བརྗོད་གནང་བ་དང་ཆབས་ཅིག། ཕྱི་ཟླ་༢པའི་ཚེས་༨ཉིན་འཛམ་གླིང་ཁྱོན་ཡོངས་སུ་བོད་མི་གནས་འཁོད་ས་གནས་ཚང་མའི་ནང་ བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ཉིན་མོ་སྲུང་བརྩི་ཞུ་རྒྱུ་ཡིན་པའི་ནང་ཀོ་ལི་གལ་ཐེ་པའི་བོད་མི་ཡོངས་རྫོགས་ཀྱིས་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཡང་གནང་བཞག།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་ཆར་རླུང་དྲག་པོ་བརྒྱབ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྲིད་སྐྱོང་མཆོག་གིས་ཨ་རིའི་རྒྱལ་སའི་མངའ་ཁུལ་གྱི་གཞུང་འབྲེལ་མཛད་འཆར་ཁག་དབུ་འཛུགས་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎