བསྟན་འཛིན་ཕུན་ཚོགས་ཀྱི་ནང་མི་གར་སོང་ཆ་མེད་དུ་གྱུར།

ཉེ་ཆར་རང་ལུས་མེར་བསྲེགས་ཏེ་རྒྱ་ནག་ལ་ངོ་རྒོལ་གནང་མཁན་བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ནང་མི་གར་སོང་ཆ་མེད་དུ་གྱུར་ཡོད་པ།
2011-12-30
གློག་འཕྲིན།
མཆན།
Share
པར་བཀོད།

༄༅༎ཕྱི་ཟླ་༡༢་ཚེས་༡ཉིན་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་ཞུ་མཁན་ཆབ་མདོ་ཀརྨ་དགོན་པའི་གྲ་ཟུར་ བསྟན་འཛིན་ཕུན་ཚོགས་ལགས་ཀྱི་ཆུང་མ་དང་ བུ་ཕྲུག་གཉིས་བཅས་ཁྱོན་སྡོམ་ནང་མི་བཞི་གར་སོང་ཆ་མེད་དུ་གྱུར་བའི་གནས་ཚུལ་འདུག་།  དེ་ཡང་བསྟན་འཛིན་ཕུན་ཚོགས་ལགས་དམ་པ་དེའི་བུ་གཅིག་ཀརྨ་དགོན་པའི་གྲ་པ་ཡིན་པ་དང་ ད་ལྟ་ཁོང་བྲོས་བྱོལ་དུ་ཕྱིན་ནས་གར་སོང་ཆ་མེད་དུ་གྱུར་བཞག།  ཡང་ཤེས་གསལ་ལྟར་ན་ ཀརྨ་དགོན་པའི་གྲ་པ་རྣམས་ཀྱི་ནང་མིར་ རྒྱ་ནག་གཞུང་གིས་འཇིགས་བསྐུལ་བྱས་པར་བརྟེན་  གྲ་པ་མང་ཆེ་བ་ཕྱིར་ལོག་ཡོང་ནས་རྒྱ་མིར་མགོ་བཏགས་ཞུས་ཡོད་པ་དང་ ཁོང་རྣམས་དུས་ཚོད་ངེས་ཅན་ནང་གོང་རིམ་ལ་འབྱོར་ཐོ་ཕུལ་དགོས་པ་དང་ ཁོང་རྣམས་ས་ཆ་གཞན་དུ་འགྲོ་མི་ཆོག་པའི་བཀའ་རྒྱ་ཡང་བཀྲམ་ཡོད་འདུག།  དེ་བཞིན་གྲ་བཙུན་དེ་དག་གི་ནང་མིར་གཅར་རྡུང་དྲག་པོ་བཏང་ནས་དཀའ་ངལ་ཆེན་པོ་བཟོས་བཞག། ཡང་ཀརྨ་དགོན་པའི་གྲ་བཙུན་བཅུ་ལ་འབར་རྫས་གས་གཏོར་གྱི་ནག་ཉེས་བཀལ་ནས་ཁོང་རྣམས་དམིགས་བསལ་བཙལ་ཀྱི་ཡོད་པ་དང་ ད་ལྟ་རྒྱ་མིས་བཙལ་བཞིན་པའི་གྲ་བཙུན་རྣམས་ནི་  ཚེ་དབང་དགེ་འཕེལ་ལགས་དང་  ཚེ་བརྟན་དབང་རྒྱལ་ལགས་ ཡེ་ཤེས་ནོར་བུ་ལགས་  ཆོས་ཀྱི་ཉི་མ་ལགས་  ཚུལ་ཁྲིམས་ཆོས་འཕེལ་ལགས་ ཆོས་དབྱིངས་ལགས་ པད་མ་འཕྲིན་རྒྱལ་ལགས་ དངོས་གྲུབ་རིན་ཆེན་ལགས་ ཤེས་རབ་རྡོ་རྗེ་ལགས་ ཚུལ་ཁྲིམས་ཕུན་ཚོགས་ལགས་བཅས་ཡིན་པ་རེད།  ཁོང་རྣམས་དལྟ་གར་ཡོད་ནང་མིས་ཀྱང་རྩ་བ་ནས་ཤེས་ཀྱི་མེད་པ་རེད་བཞག།

མཆན། (0)
Share
དྲ་གནས་ཆ་ཚང༌།