དཔལ་འབྱོར་བཀའ་བློན་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུར་ཞུཊ་པ།

2018-03-08
གློག་འཕྲིན།
མཆན།
Share
པར་བཀོད།
དཔལ་འབྱོར་བཀའ་བློན་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུར་ཞུཊ་སྐབས། ༢༠༡༨།༣།༧
དཔལ་འབྱོར་བཀའ་བློན་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་འདུར་ཞུཊ་སྐབས། ༢༠༡༨།༣།༧
tibet.net

བོད་མིའི་སྒྲིག་འཛུགས་ཀྱི་དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་མཆོག་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཟླ་རེའི་ཚོགས་འདུའི་ཐོག་དམིགས་བསལ་སྐུ་མགྲོན་གྱི་ངོ་བོའི་ཐོག་མཉམ་ཞུགས་གནང་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གནས་ཚུལ་སྤེལ་འདུག
འདི་ཚེས་༧་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་(Thomas Mann)གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ཀྱིས་ཡོ་རོབ་གྲོས་ཚོགས་དང་ལྷག་པར་དུ་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པས་བོད་དོན་ལ་མུ་མཐུད་རྒྱབ་སྐྱོར་དང་བོད་དོན་ཐད་སྔ་རྗེས་གྲོས་ཆོད་བཞག་གནང་པར་ཐུགས་རྗེ་ཆེ་ཞུས་པ་དང་། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་རེ་འདུན་གནང་པ་ལྟར། བཀའ་བློན་ཀརྨ་ཡེ་ཤེས་ལགས་ཀྱིས་བཙན་བྱོལ་བོད་མིའི་གྲོས་ཚོགས་འགྲོ་ལུགས་དང་དངུལ་རྩིས་གཏན་བེབས་གནང་སྟངས་སོགས་ངོ་སྤྲོད་གནང་འདུག
ལྷན་ཚོགས་དེའི་ཐོག་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་(Mann) དང་། Kelam, Griesbeck,གཙོས་པའི་གྲོས་ཚོགས་ཀྱི་ལས་བྱེད་པ་ཁག་གཅིག་དང་། གཞན་ཡང་ཡོ་རོབ་བོད་མིའི་སྐུ་ཚབ་དོན་གཅོད་དང། བོད་དོན་ཞུ་གཏུགས་པ་བཅས་མཉམ་ཞུགས་གནང་འདུག
དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས་ལགས་ནས་སྦེལ་ཇམ་ཁུལ་གནས་པའི་བོད་མི་ཚོ་དང་མཇལ་འཕྲད་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་སྙན་སྒྲོན་དང་དམིགས་བསལ་དྭངས་བླངས་དཔྱ་ཁྲལ་བསྡུ་བབས་དང་འབྲེལ་བའི་སྐོར་བཀའ་སློབ་གནང་རྒྱུ་ཡིན་འདུག་ཅིང་། དེ་ནས་སླར་ཡང་སུད་སིར་ཕེབས་ཏེ། གྲོང་ཁྱེར་ཇེ་ནི་ཝར་གསུམ་བཅུའི་དུས་ཆེན་དང་འབྲེལ་ནས་བོད་དོན་གདུང་སེམས་བསྐྱེད་ཀྱི་ལས་འགུལ་ཆེན་པོ་ཞིག་སྤེལ་འཆར་ཡོད་པ་དེའི་ཐོག་ཆེད་ཕེབས་གནང་རྒྱུ་ཡིན་འདུག

གསར་འགོད་པ་ཚེ་དབང་ནོར་བུ།

མཆན། (0)
Share
དྲ་གནས་ཆ་ཚང༌།