ཀརྨ་པ་མཆོག་སུད་སིར་ཐེངས་དང་པོར་ཆིབས་སྒྱུར་གནང་བ།


2016.05.20
ཀརྨ་པ་མཆོག་སུད་སིར་ཐེངས་དང་པོར་ཆིབ་སྒྱུར་གནང་སྐབས། ༢༠༡༦།༥།༡༨ ཀརྨ་པ་མཆོག་སུད་སིར་ཐེངས་དང་པོར་ཆིབ་སྒྱུར་གནང་སྐབས། ༢༠༡༦།༥།༡༨
ནམ་མཁའ་བླ་མ།/FB

ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་མཆོག་སུད་སིར་ཐེངས་དང་པོར་ཆིབས་སྒྱུར་གནང་ནས་ཁུལ་དེར་མཛད་འཆར་སྣ་མང་སྐྱོང་བཞིན་པ་རེད།
སུད་སིར་ཡོད་པའི་སྔ་འགྱུར་རིག་འཛིན་ཐེག་མཆོག་གླིང་ནས་ཇི་ལྟར་གསོལ་བ་བཏབ་བཞིན། རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་མཆོག་ཕྱི་ཟླ་༥་ཚེས་༡༨་ཉིན་སུད་སིར་ཞབས་སོར་འཁོད་ཡོད་པ་ལྟར་། ཕྱི་ཚེས༢༠་ཉིན་ནས་རིག་འཛིན་འདུས་སྟི་ཆོས་ཚོགས་ལ་རབ་གནས་མཛད་ཏེ་སུད་སིའི་ནང་ཆོས་འབྲེལ་དབུ་ཚུགས་གནང་ཡོད་པ་རེད།
གོང་ཚེས་ཉིན་སུད་སི་གྲོང་ཁྱེར་ཇི་ནི་ཝ་གནམ་ཐང་དུ་ཞབས་སོར་འཁོད་སྐབས། སྐུ་ཚབ་དོན་གཅོད་དངོས་གྲུབ་རྡོ་རྗེ་མཆོག་དང་། ནམ་མཁའ་བླ་མ། སུད་སིར་གནས་བཞུགས་བོད་རིགས་མི་མང་གཙོས་ས་གནས་ཀྱི་ཕྱི་ནང་གི་དད་ལྡན་པ་མང་པོས་ཕེབས་བསུ་གནང་འདུག
ཕྱི་ཚེས་༢༡་རེས་གཟའ་སྤེན་པ་དང་ཉི་མ་གཉིས་ལ་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་དད་ལྡན་མང་ཚོགས་ལ་གསུང་ཆོས་གནང་རྒྱུ་ཡིན་འདུག་པ་དང་། དེ་ནས་ཕྱི་ཟླ་༥་ཚེས་༣༠་བར་དུ་སུད་སིར་མཛད་འཆར་སྣ་མང་བསྐྱངས་མཐར་ཚེས༣༠་ཉིན་ཧྥ་རན་སིར་ཕེབས་རྒྱུ་ཡིན་འདུག
རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་སུད་སིར་ཆིབས་བསྒྱུར་བསྐྱངས་པ་ད་རེས་ཐེངས་དང་པོ་དེ་ཡིན་འདུག།

གསར་འགོད་པ་འཆི་མེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎