ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་སྐྱ་སར་བབས་གནང་འདུག


2017.03.30
ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གི་སྐུ་འཁོར། ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གི་སྐུ་འཁོར།
karmapa.org

ཞྭ་དམར་རིན་པོ་ཆེ་དམ་པས་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་ཞུས་པ་མཐའ་ཡས་རྡོ་རྗེ་མཆོག་སྐྱ་སར་བབས་གནང་འདུག
དེ་ཡང་ཧྥརནསི་གསར་ལས་ཁང་གིས་ཚེས་༣༠ཉིན་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གི་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ལུང་འདྲེན་བྱས་པར་ལྟར་ན། ཀུན་གཟིགས་ཞྭ་དམར་པ་རིན་པོ་ཆེ་དམ་པ་དེ་ཉིད་ཀྱིས་ངོས་འཛིན་གནང་བ་དགུང་གྲངས་༣༣ ཕེབས་པའི་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གིས་ཉེ་ལམ་ཕྱི་ཟླ་༣ པའི་ཚེས་༢༥ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལིར་འབྲུག་ནས་ཡིན་པའི་དགུངས་གྲངས་༣༦ལ་ཕེབས་པ་མཚན་ལ་རིན་ཆེན་དབྱངས་འཛོམས་ཞུ་བ་དང་འཇིག་རྟེན་གཉེན་སྒྲིག་གི་འཁྲུངས་ས་བསྐྱོན་གནང་ཡོད་འདུག
གནས་ཚུལ་ནང་གསལ་བར། རིན་ཆེན་དབྱངས་འཛོམས་ལགས་ནི་འབྲུག་ཡུལ་ནང་འཁྲུངས་ཞིང་། རྒྱ་གར་དང་ཡོ་རོབ་ནང་སློབ་གཉེར་གནང་འདུག་པ་དང་། རིན་པོ་ཆེ་མཆོག་དང་ཁོང་རྣམས་གཉིས་སྐུ་ན་ཆུང་དུས་ནས་གྲོགས་པོའི་འབྲེལ་ལམ་ཉེ་བོ་ཡོད་པ་ཡིན་འདུག
དེ་བཞིན་ཀརྨ་པ་མཐའ་ཡས་རྡོ་རྗེ་མཆོག་གིས་ལས་ཁུངས་ནས་སྤེལ་བའི་གནས་ཚུལ་ནང་གསལ་གཞིགས་ན། རིན་པོ་ཆེ་མཆོག་སྐྱ་སར་བབས་ཀྱང་ཆོས་ཕྱོགས་ཀྱི་ཐུགས་འགན་མུ་མཐུད་བཞེས་རྒྱུ་ཡིན་པ་བཀོད་འདུག་ལ། མཐའ་ཡས་རྡོ་རྗེ་རིན་པོ་མཆོག་གི་མཚན་ཐོག་ནས་གནང་པའི་གསུང་འཕྲིན་ཞིག་གི་ནང་དུའང་རིན་པོ་ཆེ་མཆོག་སྐྱ་སར་བབས་བའི་རྗེས་དགེ་ཚུལ་སློང་གི་སྡོམ་པ་གནང་རྒྱུའི་བྱེད་སྒོ་ཁག་ཕུད་པའི་དེ་མིན་ཀརྨ་པའི་མཚན་ཐོག་ནས་གནང་རྒྱུའི་བྱེད་སྒོ་རྣམ་བཞག་ཡོངས་རྗོགས་སྔར་རྒྱུན་ལྟར་མུ་མཐུད་མཇུག་སྐྱོང་གནང་རྒྱུ་ཡིན་པ་དང་། དགེ་ཚུལ་སློང་གི་གནང་རྒྱུའི་ཐུགས་འགན་དེ་སྐྱབས་རྗེ་འཇམ་མགོན་ཀོང་སྤྲུལ་རིན་པོ་ཆེ་མཆོག་ནས་བཞེས་གནང་རྒྱུ་ཡིན་པ་གསུངས་འདུག
ཡང་མཐའ་ཡས་རྡོ་རྗེ་མཆོག་གིས་གསུངས་འཕྲིན་དེའི་ནང་མུ་མཐུད་དུ། རིན་པོ་མཆོག་ནས་སྐྱ་སར་བབས་རྒྱུའི་ཐག་གཅོད་དེས་རིན་པོ་ཆེ་སྐུ་ཉིད་ཙམ་མ་ཟད་ཀརྨ་བཀའ་རྒྱུད་ཀྱི་རྒྱུད་འཛིན་ཐོག་ལའང་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་རྒྱུའི་ཡིད་ཆེས་བརྟན་པོ་ཡོད་པ་གསུངས་གནང་འདུག།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་བདམས་ཐོན་སྲིད་འཛིན་མཆོག་གིས་གྲོས་ཚོགས་འཐུས་མི་ཟུར་པ་(David Perdue)་ལགས་རྒྱ་ནག་ནང་བཅའ་སྡོད་ཨ་རིའི་གཞུང་ཚབ་ཆེན་མོར་བསྐོ་བཞག་མིང་འདོན་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎