༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ནང་པའི་ཆོས་ཚོགས་ཀུ་རུ་ཀུ་ལ་ཕེབས་ནས་བཀའ་སློབ།


2018.09.08
༧དཔལ་རྒྱལ་དབང་ཀརྨ་པ་མཆོག་ཀུ་རུ་ཀུ་ལ་ནང་པའི་ཆོས་ཚོགས་སུ་ཕེབས་ཡོད་པ། ༧དཔལ་རྒྱལ་བ་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་བྷོས྄་ཀྲོན་ཁུལ་གྱི་ནང་པའི་ཆོས་ཚོགས་ཀུ་རུ་ཀུ་ལ་ཕེབས་ནས་བཀའ་སློབ་གནང་ཡོད་པ།
བཀྲིས་དབང་ཕྱུག

༄༅། །སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་༧དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་འདས་པའི་ཉིན་གཉིས་རིང་ཨ་མི་རི་ཀའི་གྲོང་ཁྱེར་བྷོས྄་ཀྲོན(Boston)དུ་ཆིབས་བསྒྱུར་བསྐྱངས་ཡོད་པ་བཞིན་ཁུལ་དེའི་དཔེ་མཛོད་ཁང་ཞིག་ལ་གཟིགས་སྐོར་དང་། ཡང་བྷོས྄་ཀྲོན་ཁུལ་གྱི་ནང་པའི་ཆོས་ཚོགས་ཀུ་རུ་ཀུ་ལ་ཡིས་ཇི་ལྟར་གསོལ་འདེབས་ཞུ་དོན་བཞིན། ཁ་ས་རེས་གཟའ་པ་སངས་ཉིན་ཆོས་ཚོགས་དེར་ཕེབས་ནས་ས་གནས་བོད་མི་༦༠དང་ཕྱི་རྒྱལ་བ་༤༠བཅས་ཁྱོན་མི་གྲངས་བརྒྱ་སྐོར་ཞིག་ལ་བོད་སྐད་དང་དབྱིན་སྐད་གཉིས་ཀའི་ཐོག་བཀའ་སློབ་བསྩལ་གནང་མཛད་སྐབས། བོད་མི་རྣམས་ལ་ངོམ་གསོ་མཆོག་པའི་ཆོས་དང་རིག་གཞུང་རྒྱ་ཆེ་ཡོད་པ་དེ་མི་ཉམས་རྒྱུན་འཛིན་བྱ་གལ་ཆེ་བ་དང་དེ་ཡང་རྩ་བ་ཐུག་ས་དེ་བོད་པའི་སྐད་ཡིག་ཡིན་པ་བཀའ་གནང་འདུག
དེ་བཞིན་རྒྱལ་དབང་རྐམ་པ་མཆོག་གིས་ད་ཆ་བོད་མི་ཚོ་དུས་ཚོད་གལ་གནད་ཆེན་པོ་ཞིག་ལ་སླེབས་ཡོད་དུས། བོད་མི་ནང་ཁུལ་འཆམ་མཐུན་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་གནང་འདུག།
དཔལ་རྒྱལ་དབང་ཀརྨ་པ་མཆོག་Boston ཁུལ་དེ་སྔོན་༢༠༡༥ལོར་ཐེངས་
གཅིག་ཕེབས་ཡོད་པ་དང་། ད་རེས་ཐེངས་གཉིས་པ་དེ་ཆགས་ཀྱི་འདུག།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རིག་ལྡན་སྒྲོལ་མ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎