གར་ཕྲུག་རྡོ་རྗེ་བཙོན་བཀྲོལ་དང་ས་གནས་བོད་མིས་དགའ་བསུ།

2014-05-29
གློག་འཕྲིན།
མཆན།
Share
པར་བཀོད།
གར་ཕྲུག་རྡོ་རྗེ་བཙོན་བཀྲོལ་ཐོབ་པར་དགའ་བསུ་བྱེད་བཞིན་པ། ༢༠༡༤།༥།༢༤
གར་ཕྲུག་རྡོ་རྗེ་བཙོན་བཀྲོལ་ཐོབ་པར་དགའ་བསུ་བྱེད་བཞིན་པ། ༢༠༡༤།༥།༢༤
པར། ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

དཀར་མཛེས་བེ་རི་དགོན་པའི་དགེ་འདུན་པ་གར་ཕྲུག་རྡོ་རྗེ་ལགས་མི་ལོ་༦གི་རྗེས་བཙོན་བཀྲོལ་བྱུང་ནས་ཕ་ཡུལ་འབྱོར་འདུག

དེ་ཡང་འདི་གའི་གསར་འགོད་པ་བསོད་ནམས་དབང་འདུས་ཀྱིས་གནས་ཚུལ་བཏང་དོན། དཀར་མཛེས་རྫོང་བི་རི་དགོན་པའི་དགེ་འདུན་པ་གར་ཕྲུག་རྡོ་རྗེ་ལགས་རྒྱ་ནག་གཞུང་གིས་ལོ་དྲུག་ཙམ་བཙོན་འཇུག་བྱས་རྗེས་སྤྱི་ཟླ་ལྔ་པའི་ཚེས་༢༤ཉིན་གློད་བཀྲོལ་བཏང་ནས་ཕ་ཡུལ་འབྱོར་ཡོད་པ་དང་། གར་ཕྲུག་རྡོ་རྗེ་ལགས་ཀྱིས་༢༠༠༨ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་སུ་བོད་དོན་སྦྱར་ཡིག་འགྲེམས་སྤེལ་དང་། རྒྱ་ནག་གི་སྣུམ་འཁོར་ས་གནས་སུ་ཡོང་རྒྱུར་བཀག་འགོག་བྱས་པ་སོགས་ཀྱི་ཉེས་བཙུགས་འོག་ཉེན་རྟོག་པས་འཛིན་བཟུང་བྱས་རྗེས་དཀར་མཛེས་འབྲིང་རིམ་ཁྲིམས་ཁང་གིས་བཙོན་འཇུག་ལོ་བརྒྱད་ཀྱི་ཁྲིམས་ཐག་བཅད་པ་དང་། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཕྱོགས་ཀྱི་མེན་ཡང་སོགས་བཙོན་ཁང་ནང་བཙོན་འཇུག་བྱས་ཡོད། དེ་ལྟར་བཙོན་དུས་མ་གཙང་བར་ཚེས༢༤ཉིན་བཙོན་ཁང་ནས་གློད་བཀྲོལ་བཏང་ཡོད་འདུག   གར་ཕྲུག་རྡོ་རྗེ་ལགས་བཙོན་ཁང་ནས་གློད་བཀྲོལ་གྱིས་དཀར་མཛེས་ཁུལ་དུ་འབྱོར་མ་ཐག་ས་གནས་མི་མང་དང་། བེ་རི་དགོན་པའི་དགེ་འདུན་པ་ཚོས་དགའ་བསུ་ཟབ་རྒྱས་ཞུས་ཡོད་པའི་སྐོར་འབྲེལ་ཡོད་ནས་ངོ་སྤྲོད་གནང་ཡོད། གནས་ཚུལ་ངོ་སྤྲོད་གནང་མཁན་གྱིས་གསུང་བར།  ད་ལྟའི་ཆར་གར་ཕྲུག་རྡོ་རྗེ་ལགས་ཀྱིས་སྐུ་གཟུགས་གནས་སྟངས་གང་འདྲ་ཡོད་མིན་དང་། བཙོན་ཁང་ནས་བཙོན་དུས་མ་ཚང་སྔོན་གློད་བཀྲོལ་གཏོང་དགོས་དོན་སོགས་ཤེས་རྟོགས་གསལ་པོ་མེད་པ་གསུང་འདུག སྐུ་ཞབས་གར་ཕྲུག་རྡོ་རྗེ་ལགས་ནི་དཀར་མཛེས་རྫོང་གོ་ལོག་ཤང་མ་ཟུར་གྲོང་སྡེ་ནས་ཡིན་པ་རེད།

 

གསར་འགོད་པ་འཆི་མེད།

 

 

 

 

 

ཞིབ་ཕྲ་འདི་གའི་གསར་འགོད་པ་དཀར་མཛེས་བསོད་ནམས་དབང་འདུས་ལགས་ཀྱིས་བཏང་བའི་གནས་ཚུལ་ལ་གསན་རོགས༎

 

 

གསར་འགོད་པ་བསོད་ནམས་དབང་འདུས།

མཆན། (0)
Share
དྲ་གནས་ཆ་ཚང༌།