ཨཕ་ག་ནི་སི་ཐན་སྲིད་འཛིན་གྱི་རེ་འདུན།

ནེ་ཀྲོའི་དཔུང་དམག་ལ་མཚན་དཀྱིལ་དྲག་རྒོལ་དང་ཞི་བའི་ཡུལ་མིའི་ནང་ལ་བཙན་འཛུལ་རིགས་མཚམས་འཇོག་དགོས་པའི་རེ་འདུན།

2011-12-20
Share

༄༅༎ཨཕ་ག་ནི་སེ་ཐན་གྱི་སྲིད་འཛིན་ཧ་མིརྡ་ཀར་ཛའེ་(Hamid Karzai)མཆོག་གིས་ནེ་ཀྲོའི་(NATO)དཔུང་དམག་གིས་མཚན་དཀྱིལ་ལ་དྲག་རྒོལ་དང་ཞི་བའི་ཡུལ་མིའི་ནང་ལ་བཙན་འཛུལ་རིགས་མཚམས་འཇོག་དགོས་པའི་རེ་འདུན་བཏོན་གནང་ཡོད་འདུག༎
རེས་གཟའ་ཟླ་བའི་ཉིན་རྒྱལ་སྤྱིའི་དཔུང་དམག་གིས་གྱེན་ལོག་པའི་འགོ་ཁྲིད་གར་ཡོད་ལ་ཉིན་ཚན་ལྟོས་མེད་དྲག་རྒོལ་མུ་མཐུད་བྱ་རྒྱུ་སྲུང་སྐྱོབ་གནང་པའི་རྗེས་ སྲིད་འཛིན་ ཀར་ཛའེ་མཆོག་གིས་གོང་ཞུས་རེ་འདུན་བཏང་གནང་ཡོད་པ་མ་ཟད་མཚན་ལ་དྲག་རྒོལ་དང་ནང་ལ་བཙན་འཛུལ་རིགས་འཕྲལ་དུ་མཚམས་འཇོག་དགོས་ཀྱི་ཡོད་ལུགས་སྲིད་འཛིན་གྱི་མགྲིན་ཚབ་པ་ ཨའེ་མལ་ ཕའི་ཛི་(Aimal Faizi)ཡིས་གསུངས་འདུག། མཚན་དཀྱིལ་ལ་ཡུལ་མིའི་ནང་ལ་བཙན་རྒོལ་བྱེད་བཞིན་པ་དེ་ནི་ཨཕ་ག་ནི་སེ་ཐན་གྱི་གཞུང་དང་རྒྱལ་སྤྱིའི་དཔུང་དམག་དབར་འཁོན་འཛིན་གྱི་གཞི་རྩ་ལྟེ་བ་ཞིག་ཆགས་ཡོད་རེད། དེར་བརྟེན་སྲིད་འཛིན་གྱིས་རྒྱལ་སྤྱིའི་དཔུང་དམག་གིས་ཡུལ་མིའི་ནང་ལ་བཙན་འཛུལ་རིགས་རྩ་བ་ནས་འགྲིག་ཐབས་མེད་སྐོར་ཡང་ནས་ཡང་དུ་གསུངས་ཡོད་ལུགས་གོང་ཞུས་མགྲིན་ཚབ་པ་བསྐྱར་བརྗོད་གནང་འདུག།  ཟླ་བ་སྔོན་མ་ ཨཕ་ག་ནི་སེ་ཐན་གྱི་མི་མང་གི་ཚོགས་ཆེན་ལོ་ཡ་ཇིར་ག་(Loya Jirga) ཚོགས་སྐབས་ རིང་མིན་ཨཕ་ག་ནི་སེ་ཐན་དང་ཨ་མི་རི་ཀའི་དབར་འཐབ་བྱུས་ཀྱི་ཡིག་ཆ་གཏན་འབེབས་ གནང་རྒྱུའི་ནང་རྒྱལ་སྤྱིའི་དཔུང་དམག་གིས་ཨཕ་ག་ནི་སེ་ཐན་གྱི་ཡུལ་མིའི་ནང་ལ་མཚན་དཀྱིལ་་ལ་བཙན་རྒོལ་བྱེད་རྒྱུ་མཚམས་འཇོག་དགོས་རྒྱུ་སྔོན་འགྲོའི་ཆ་རྐྱེན་བཟོ་དགོས་རྒྱུར་ཐག་གཅོད་བྱས་ཡོད་འདུག།  ཡིག་ཆ་དེས་རྒྱལ་སྤྱིའི་དཔུང་དམག་ཕྱི་ལོ་༢༠༡༤ལོར་ཕྱིར་འཐེན་བྱས་པའི་རྗེས་སུ་ཡུལ་གཉིས་ཀྱི་འབྲེལ་ལམ་ལ་སྟངས་འཛིན་བྱེད་རྒྱུ་ཡིན་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།