བཀའ་བློན་དང་སྤྱི་འཐུས་རྣམ་པས་དམ་འབུལ་གནང་རྒྱུ།


2016.05.26
བོད་མི་སྒྲིག་འཛུཊ་ཀྱི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡་པའི་ཚོགས་ར། ༢༠༡༦།༣།༢༡ བོད་མི་སྒྲིག་འཛུཊ་ཀྱི་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་༡༡་པའི་ཚོགས་ར། ༢༠༡༦།༣།༢༡
བསྟན་འཛིན་དོན་ཡོད།/RFA

བོད་མི་མང་སྤྱི་འཐུས་གསར་དུ་བདམས་ཐོན་བྱུང་བ་རྣམས་དང་བཀའ་ཤག་སྐབས་བཅོ་ལྔ་པའི་བཀའ་བློན་རྣམ་པས་དམ་འབུལ་ཞུ་རྒྱུའི་ཚེས་གྲངས་གཏན་འཁེལ་བྱུང་ཡོད་འདུག
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་འོས་འདེམས་བྱུང་བའི་ལས་ཐོག་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སང་ཉིན་སྤྱི་ཟླ་༥་བའི་ཚེས་༢༧་ཉིན་དམ་བཅའ་འབུལ་བཞེས་གནང་རྒྱུ་དང་། སྲིད་སྐྱོང་གི་དམ་འབུལ་མཛད་སྒོ་གཙུག་ལག་ཁང་གི་ཆོས་རྭའི་ནང་གནང་བའི་སྐབས་སུ་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཀྱང་མཛད་སྒོར་ཆིབས་བསྒྱུར་གནང་རྒྱུ་ཡིན་འདུག ཡང་སྐབས་བཅོ་ལྔ་པའི་བཀའ་ཤག་གི་བཀའ་བློན་རྣམ་པས་ཕྱི་ཟླ་དྲུག་པའི་ཚེས་གཅིག་ཉིན་ཁྲིམས་ཞིབ་ཆེན་མོ་བ་བཀའ་བརྒྱུད་དོན་གྲུབ་མཆོག་གི་མདུན་དམ་བཅའ་འབུལ་རྒྱུ་ཡིན་འདུག
དེ་དང་ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་སྐབས་བཅུ་དྲུག་པའི་སྤྱི་འཐུས་བདམས་ཐོན་བྱུང་བ་རྣམས། ཟླ་བ་འདིའི་ཚེས་༣༠་ཉིན་བར་བརྒལ་འཕྲལ་སེལ་བསྐོ་བཞག་བྱུང་བའི་ཚོགས་གཙོའི་མདུན་དམ་བཅའ་འབུལ་རྒྱུ་དང་། དེ་ནས་རིམ་བཞིན་སྤྱི་འཐུས་རྣམ་པའི་འོས་བསྡུའི་ལམ་ནས་ཚོགས་གཙོ་དང་ཚོགས་གཞོན་འོས་འདེམས་གནང་བའི་མཚམས་སུ། ཕྱི་ཟླ་ལྔ་པའི་ཚེས་སུམ་ཅུ་སོ་གཅིག་ཉིན་བདམས་ཐོན་བྱུང་བའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་ནས་ཁྲིམས་ཞིབ་ཆེན་མོ་བཀའ་བརྒྱུད་དོན་གྲུབ་ལགས་མདུན་དམ་བཅའ་འབུལ་རྒྱུ་བཅས་ཀྱི་དུས་ཚིགས་གཏན་འབེབས་བྱུང་ཡོད་འདུག

གསར་འགོད་པ་་རིག་འཛིན་ཆོས་སྒྲོན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎