མཁན་པོ་ཀརྨ་ཚེ་དབང་གློད་གྲོལ་ཆེད་རྒྱལ་སྤྱིའི་ནང་ལས་འགུལ།


2014.10.22
མཁན་པོ་ཀརྨ་ཚེ་དབང་ལགས་ཉེ་སྔོན་འཛིན་བཟུང་སྐབས་བཀག་ཉར་ཁང་དུ། ༢༠༡༤ མཁན་པོ་ཀརྨ་ཚེ་དབང་ལགས་ཉེ་སྔོན་འཛིན་བཟུང་སྐབས་བཀག་ཉར་ཁང་དུ། ༢༠༡༤
ཨེ་ཤེ་ཡ་རང་དབང་རླུང་འཕྲིན།

བོད་རང་བཙན་སློབ་ཕྲུག་ཚོགས་པས་མཁན་པོ་ཀརྨ་ཚེ་དབང་གློད་གྲོལ་ཆེད་རྒྱལ་སྤྱིའི་ནང་ལས་འགུལ་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་འདུག
དེ་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙོན་འཇུག་བྱས་པའི་ནང་ཆེན་ཁུལ་གྱི་ཇ་པ་དགོན་པའི་མཁན་པོ་དཀར་ཚེ་ལགས་གློད་གྲོལ་འབྱུང་ཐབས་སུ་བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱལ་སྤྱིའི་ཐོག་རྒྱ་ནག་ལ་གནོན་ཤུགས་ཀྱི་ལས་འགུལ་མུ་མཐུད་སྤེལ་རྒྱུ་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང་། སྔ་ལོ་༢༠༡༣ལོའི་ཕྱི་ཟླ་༡༢པའི་ཚེས་༦ཉིན་ཇ་པ་དགོན་པའི་མཁན་པོ་དཀར་ཚེ་ལགས་ཁྲིན་ཏུ་གྲོང་ཁྱེར་རུ་དགོན་པའི་ཆེད་སྐུ་འདྲ་ཉོ་བར་བསྐྱོད་སྐབས་ཆབ་མདོ་ཁུལ་གྱི་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཡོད་པ་དང་། ཉེ་སྔོན་ཆབ་མདོ་ས་གནས་ཁྲིམས་ཁང་ཞིག་ནས་ཁོང་ལ་ལོ་གཉིས་དང་ཕྱེད་ཀའི་བཙོན་དུས་ཁྲིམས་ཐག་བཅད་ཡོད་པ་རེད། མཁན་པོ་དཀར་ཚེ་ལགས་སྔ་ལོ་འཛིན་བཟུང་བྱས་པའི་རྗེས་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པས་ཁོང་གློད་གྲོལ་ཡོངས་ཐབས་སུ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་། ད་ཆ་ཁོང་གློད་གྲོལ་བྱ་རྒྱུའི་ཚབ་བཙོན་དུས་ཀྱི་ཁྲིམས་ཐག་བཅད་པར་བརྟེན་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཐོག་ནས་སླར་ཡང་ལས་འགུལ་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལུགས་ཚེས་༢༡ཉིན་གསར་འགོད་གསལ་བསྒྲགས་སྤེལ་འདུག གསར་འགོད་གསལ་བསྒྲགས་ནང་གསལ་ལྟར་ན། མཁན་པོ་དཀར་ཚེ་ལགས་ལ་སྐུ་གཟུགས་བདེ་མིན་གྱི་དཀའ་ངལ་དུ་མ་ཡོད་བཞིན་པའི་ཁར་བཙོན་ཁང་ནང་སྨན་བཅོས་ཀྱི་མཐུན་རྐྱེན་རགས་མིན་དང་གཞི་རྩའི་བཙོན་ཁང་ནང་ཁོང་གི་གནས་སྟངས་ཐོག་ལ་བློ་འཚབ་ཆེན་པོ་ཡོད་དེར་བརྟེན་ཁོང་སྐུ་གཟུགས་བདེ་ལགས་ངང་འཕྲལ་མར་གློད་གྲོལ་འབྱུང་ཐབ་སུ་ རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་གནོན་ཤུགས་བསྐྲུན་རྒྱུར་བོད་རང་བཙན་སློབ་ཕྲུག་ཚོགས་པས་མུ་མཐུད་ལས་འགུལ་སྔར་ལྷག་སྤེལ་རྒྱུ་ཡིན་པ་གསལ་འདོན་བྱས་འདུག
མཁན་པོ་དཀར་ཚེ་ལགས་སྔ་ལོ་འཛིན་བཟུང་བྱས་པའི་རྗེས་ཁམས་ནང་ཆེན་ཁུལ་དུ་བོད་མི་སྐྱ་སེར་བརྒྱ་ཕྲག་མང་པོས་ཁོང་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་སྐོར་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་ཡོད་པ་དང་། དེ་བཞིན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཁན་པོ་དཀར་ཚེ་གཙོས་པའི་བོད་མི་ཆབ་སྲིད་བཙོན་པ་༡༧གློད་གྲོལ་འབྱུང་ཐབས་སུ་རྒྱལ་སྤྱིའི་སྤྱི་ཚོགས་ནས་བོད་རང་སྐྱོང་ལྗོངས་སྤྱི་བདེ་ལས་ཁུངས་ལ་འབོད་སྐུལ་གྱི་ཞུ་ཡིག་ཕུལ་དགོས་པའི་ལས་འགུལ་ཡང་སྤེལ་ཡོད་པ་རེད།

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎