ལྐོག་བསད་བཏང་བའི་གནད་དོན་ཐད་ཞིབ་འཇུག་དྲང་པོ་བྱེད་རྒྱུ་ཡིན།


2017.02.20
ལྐོག་བསད་བཏང་ཟིན་པའི་Kim Jong Nam་དང་ཁོང་གི་སྤུན་མཆེད་བྱང་ཀོ་རི་ཡའི་དབང་འཛིན་པ་Kim Jong Unགཉིས། ལྐོག་བསད་བཏང་ཟིན་པའི་Kim Jong Nam་དང་ཁོང་གི་སྤུན་མཆེད་བྱང་ཀོ་རི་ཡའི་དབང་འཛིན་པ་Kim Jong Unགཉིས།
AFP

མཱ་ལེ་ཤེ་ཡ་Malaysia་སྲིད་བློན་Najib Razak་མཆོག་གིས་Malaysia་གཞུང་གི་བྱང་ཀོ་རི་ཡའི་མི་གཅིག་དབང་འཛིན་པ་Kim Jong Un་གི་སྤུན་མཆེད་Kim Jong Nam་ལྐོག་བསད་བཏང་བའི་གནད་དོན་ཐད་ཞིབ་འཇུག་དྲང་པོ་གནང་རྒྱུ་ཡིན་པ་གསུངས་འདུག
དེ་ཡང་བྱང་ཀོ་རི་ཡའི་གཞུང་གིས་Malaysia་གཞུང་ནས་Kim Jong Namགྱི་ཕུང་པོ་བྱང་ཀོ་རི་ཡར་རྩིས་སྤྲོད་དགོས་པ་བརྗོད་ཀྱི་ཡོད་པ་རེད། ཡིན་ནའི་Malaysia་གཞུང་གིས་དང་པོ་ཁོང་ལྐོག་བསད་བཏང་བའི་གནད་དོན་དེ་ཞིབ་འཇུག་མཐར་ཕྱིན་པ་ཞིག་བྱ་དགོས་ཀྱི་ཡོད་པ་དང་། འདིའི་ཐད་Malaysia་གཞུང་ལ་བྱང་ཀོ་རི་ཡར་མཐོང་ཚུལ་མི་ལེགས་པ་བཟོ་དགོས་པའི་རྒྱུ་མཚན་གང་ཡང་མེད་སྐོར་གསུངས་ཀྱི་ཡོད་པ་རེད།
གནམ་ཐང་གི་བརྙན་པར་ནང་གསལ་པར་བྱས་ན། རང་ལོ་༤༦་ལ་སླེབས་པའི་Kim Jong Nam Malaysia་རྒྱལ་ས་Kuala Lumpur་གི་གནམ་ཐང་ལ་གནམ་གྲུ་འཕུར་བསྐྱོར་བྱ་རྒྱུར་སྒུག་སྡོད་སར་བེུད་གཅིག་གིས་དུག་ཤུགས་ཆེན་པོ་ཡོད་པའི་ཁ་རས་ཤིག་ཁོང་གི་གདོང་པར་བཀབ་པའི་རྗེས་ཙམ་ལ་གཟུགས་གཞི་བདེ་པོ་མེད་པ་ཆགས་ཏེ་གནམ་ཐང་གི་ལས་བྱེད་ལ་རོགས་སྐྱོར་ཞུས་པར་སྨན་ཁང་དུ་འཁྱེར་བའི་ལམ་བར་སྲོག་སྐྱོབས་མ་ཐུབ་པར་འདས་གྲོངས་སུ་ཕྱིན་ཡོད་པ་རེད།
ལྷོ་ཀོ་རི་ཡའི་གཞུང་གི་གསང་བའི་ལས་ཁུངས་ཀྱིས་Kim Jong Nam་ལྐོག་བསད་བཏང་མཁན་དེ་བྱང་ཀོ་རི་ཡའི་འགོ་ཁྲིད་Kim Jong Un་ཡིན་པ་དང་། ཁོས་རང་གི་ཕ་གཅིག་པའི་སྤུན་རྒན་པ་Kim Jong Nam་མེད་པ་བཟོ་དགོས་པའི་སྐོར་ཕྱི་ལོ་༢༠༡༢་ལོ་ནས་བཀའ་རྒྱ་བཏང་ཡོད་པར་ད་རེས་དངོས་སུ་ལག་བསྟར་བྱས་པ་ཞིག་ཡིན་སྐོར་སྐྱོན་འཛུགས་བྱས་ཡོད་པ་རེད།
Malaysia་གཞུང་གིས་དོན་རྐྱེན་དེའི་ནང་དོགས་གཞི་ཡོད་པའི་བྱང་ཀོ་རི་ཡའི་མི་གཅིག་འཛིན་བཟུང་བྱས་ཡོད་ཅིང་། ད་དུང་དོན་རྐྱེན་དེའི་རྗེས་Malaysia་ནས་ཕྱིར་ལོག་ཕྱིན་པའི་བྱང་ཀོ་རི་ཡའི་མི་བཞི་དང་། གཞན་ཡང་Vitenamese་གི་བེུད་གཅིག Indonesia་བེུད་གཅིག ཡང་Malaysia་བེུད་གཅིག་བཅས་མི་ཁག་ཅིག་རྩད་གཅོད་བྱེད་བཞིན་ཡོད་པ་རེད།
གནད་དོན་ཉམས་ཞིབ་པ་ཚོས་གསུངས་ན། Kim Jong Nam་ད་བར་ལོ་ངོ་བཅུ་ཕྲག་གི་རིང་རྒྱ་ནག་གི་དཔལ་འབྱོར་རྒྱབ་རྟེན་དང་། སྲུང་སྐྱོབ་འོག་རྒྱལ་ས་Beijing་དང་ Macau་བཅས་སུ་འཚོ་གནས་བྱས་ཡོད་པར། གལ་ཏེ་ད་རེས་ཁོང་ལྐོག་བསད་བཏང་བའི་དོན་རྐྱེན་ནང་བྱང་ཀོ་རི་ཡའི་གཞུང་གི་ལག་པ་ཡོད་པ་ཡིན་ཚེ་དེ་ནི་བྱང་ཀོ་རི་ཡའི་གཞུང་གིས་རང་གི་རྒྱུན་རིང་གི་མཐུན་གྲོགས་རྒྱ་ནག་ལ་མི་འདོད་པའི་རྣམ་འགྱུར་གསལ་སྟོན་བྱས་པའི་རྟགས་མཚན་གསལ་པོ་ཞིག་ཡིན་པ་བརྗོད་ཀྱི་ཡོད་པ་རེད།

གསར་འགོད་པ་བློ་བཟང་ཡེ་ཤེས།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎