བོད་ནང་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་འདུག

2018-08-08
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། ༢༠༡༨།༨།༨
བོད་ནང་ཀིརྟི་རིན་པོ་ཆེ་མཆོག་གི་འཁྲུངས་སྐར་སྲུང་བརྩི་ཞུས་སྐབས། ༢༠༡༨།༨།༨
བོད་འབྱོར།

བོད་ནང་དང་བལ་ཡུལ་སོགས་སུ་ཀིརྟི་རིན་པོ་ཆེ་མཆོག་དགུང་གྲངས་༧༧ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་འདུག
འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་གསུངས་ན། ཕྱི་ཟླ་ ༨ ཚེས་ ༨ ཉིན་མདོ་སྨད་རྔ་པ་ཀིརྟི་དགོན་ཆེན་དུ་དེ་ཉིན་སྔ་མོ་ནས་དགེ་འདུན་འདུས་མང་ཡོངས་ཚོགས་འཚོགས་ནས་ཞབས་བརྟན་གསོལ་འདེབས་སོགས་འདོན་ཕྱོགས་ཀྱི་ཆོ་ག་ཚང་མ་གྲུབ་རྗེས། སྟོན་པའི་སྐུ་འདྲ་ཆེན་པོ་ཞིག་བཞེངས་ཡོད་པ་དེའི་མདུན་ཐང་དུ་གོ་སྒྲིག་གིས་དད་ལྡན་མི་མང་ཡོངས་ལ་འཁྲུངས་སྐར་དང་སྟབས་བསྟུན་སྨན་སྦྱིན་དང་། མངར་ཟས། སྤོས་དང་དཔེ་དེབ་སོགས་སྦྱིན་བཏང་རྒྱ་ཆེ་གནང་ཡོད་འདུག
སྤྱིར་རྔ་པ་ས་གནས་སུ་རྒྱ་ནག་གཞུང་གིས་དམ་དྲག་ཤིན་ཏུ་ཆེ་བའི་དབང་གིས་མི་མང་མང་ཚོགས་འདུ་འཛོམས་ཀྱི་ཐོག་ནས་ཀིརྟི་རིན་པོ་ཆེའི་འཁྲུངས་སྐར་སྲུང་བརྩི་ཞུ་རྒྱུ་ཁག་པོ་ཡིན་ན་ཡང་། དགོན་མ་ལག་ ༡༨ ཡོད་པ་ཚང་མའི་ནང་དགེ་གྲུབ་སྦྱིན་བཏང་གི་གོ་ནས་འཁྲུངས་སྐར་སྲུང་བརྩི་ཞུས་ཡོད་སྐོར་འགྲེལ་བརྗོད་གནང་འདུག
དེ་དང་ཆབ་གཅིག་བཞུགས་སྒར་རྡ་རམ་ས་ལའི་ཀིརྟི་བྱེས་པ་གྲྭ་ཚང་དང་། ཡང་རྔ་བའི་མི་དམངས་སོགས་ནས་ཀྱང་བསྙེན་བཀུར་དང་སྨན་སྦྱིན་སོགས་སྤྱི་ཚོགས་ལ་སྨིན་པའི་ལས་དོན་རྒྱ་ཆེ་སྤེལ་གནང་འདུག་ལ།  བལ་ཡུལ་ནང་རྟེན་སྡོད་བྱེད་བཞིན་པའི་རྔ་བའི་མི་མང་ཚོས་ཀྱང་དཔལ་འབྱོར་གྱི་འགྲོ་གྲོན་བཏང་སྟེ་བལ་ཡུལ་མཆོད་རྟེན་རྣམ་གསུམ་ལ་མཆོད་འབུལ་དང་། ཁུལ་དེར་ཡོད་པའི་རྒན་གསོ་ཁང་གསུམ་ནང་གི་རྒན་ཁོག་རྣམས་ལ་བལ་སྒོར་ལྔ་བརྒྱ་རེའི་སྤྱིན་དང་། དེ་བཞིན་བོད་ཀྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཆེ་བརྟན་པའི་ཆེད་དུ་ཆོས་བརྒྱུད་ཆེན་པོ་དྲུག་གི་གཞིས་དགོན་ཁག་ལ་རྒྱ་གར་སྒོར་མོ་ ༥༠༠༠ རེའི་ཞལ་འདེབས་ཕུལ་བ། དེ་བཞིན་སྤྲང་པོ་རྣམས་ལ་སྦྱིན་པ་བཏང་བ་སོགས་གནང་འདུག

གསར་འགོད་པ་འགན་འཛིན་སྐལ་བློ་གྲོས་དང་། ཀུན་བཟང་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།