ཇོ་ཁང་གི་མེ་སྐྱོན་སྐོར་འཛམ་གླིང་ཤུལ་བཞག་རིག་དངོས་ཚན་པར་སྙན་ཐོ་བཏང་འདུག


2018.03.23
ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་སྐབས། ༢༠༡༨།༢།༡༧ ལྷ་ལྡན་གཙུག་ལག་ཁང་ལ་མེ་སྐྱོན་བྱུང་སྐབས། ༢༠༡༨།༢།༡༧
བོད་འབྱོར།

རྒྱ་ནག་གཞུང་གིས་ཇོ་ཁང་ལ་མེ་སྐྱོན་བྱུང་བའི་སྐོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཤེས་ཡོན་དང་ཚན་རྩལ་རིག་གཞུང་ལྷན་ཁང་གི་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པར་སྙན་ཐོ་བཏང་འདུག
དེ་ཡང་སྤྱི་ཚེས་༢༢་ཉིན་འདི་ག་རླུང་འཕྲིན་ཁང་གིས་ཧྥ་རན་སིའི་རྒྱལ་ས་ཕ་རོས་སིའི་ནང་ཡོད་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གོང་བརྗོད་ལྷན་ཁང་ཁྱབ་ཁོངས་ཨེ་ཤེ་ཡ་ཚན་པའི་འགན་འཛིན་སྐུ་ཞབས་(Jing Seng)་ལ་ཁ་པར་ཐོག་ལྷ་སའི་ཇོ་ཁང་ལ་མེ་སྐྱོན་བྱུང་པའི་གནས་ཚུལ་ཐད་དྲིས་སྐབས། ཟླ་བ་འདིའི་སྤྱི་ཚེས་༡༦་ཉིན། རྒྱ་ནག་གཞུང་གིས་དེའི་སྐོར་ལ་བྲིས་པའི་སྙན་ཐོ་ཞིག་འབྱོར་ཡོད་པ་དང་། ད་ཆ་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པའི་སློབ་སྟོན་ཞུ་སའི་སྡེ་ཚན་ནས་དེའི་ཐད་ཞིབ་འཇུག་བྱེད་བཞིན་ཡོད་པའི་སྒང་ཡིན་ཞེས་ངོ་སྤྲོད་གནང་བྱུང་།
ཡང་ཁོང་ལ་སྙན་ཐོ་དེའི་ནང་ཇོ་ཁང་ལ་གནོད་འཚེ་ཇི་ཙམ་ཐེབས་ཡོད་མེད་བཀོད་པའི་སྐོར་དྲིས་བར། ཁོང་གིས་སྙན་ཐོའི་ནང་བལྟ་དུས་ཇོ་ཁང་ལ་མེ་སྐྱོན་བྱུང་བ་དེས་གནོད་སྐྱོན་ཆེན་པོ་ཐེབས་མེད་སྐོར་འཁོད་པ་འགྲེལ་བརྗོད་གནང་བ་དང་མཉམ་ཇོ་ཁང་གི་མེ་སྐྱོན་སྐོར་ལ་རྒྱལ་ཚོགས་ཀྱི་འཛམ་གླིང་ཤུལ་བཞག་རིག་དངོས་སྲུང་སྐྱོབ་ཚན་པའི་ཚོགས་ཆུང་ནས་སྤྱི་ཟླ་དྲུག་པ་དང་བདུན་པའི་ནང་གི་ཚོགས་ཐེངས་༤༢་སྐབས་བསྐྱར་ཞིབ་གནང་རྒྱུ་ཡིན་པ་དང་། དེ་ནས་ཉམས་གསོ་དགོས་མིན་སོགས་ཀྱི་གནད་དོན་ཐད་ལ་གྲོས་བསྡུར་ཐག་གཅོད་གནང་རྒྱུ་རེད་ཅེས་འགྲེལ་བརྗོད་གནང་ཡོད།

གསར་འགོད་པ་རིག་ལྡན་སྒྲོལ་མ་དང་། གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎