ལྷོ་ཀོ་རི་ཡའི་ནང་མེ་ཤུཊ་འཕུར་མདེལ་འགོག་སྲུང་ཡོ་ཆས་འཇོག་རྒྱུ།

2016-02-25
གློག་འཕྲིན།
མཆན།
Share
པར་བཀོད།
བྱང་ཀོ་རི་ཡའི་དབུ་ཁྲིད་Kim Jong-Unརྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་གཏོང་སྐབས། ༢༠༡༦།༢།༧
བྱང་ཀོ་རི་ཡའི་དབུ་ཁྲིད་Kim Jong-Unརྒྱང་ཐག་རིང་པོར་སྙོབས་ཐུབ་པའི་མེ་ཤུགས་འཕུར་མདེལ་གཏོང་སྐབས། ༢༠༡༦།༢།༧
KCNA

དེ་ཡང་རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡའི་ནང་ཨ་མི་རི་ཀའི་མེ་ཤུགས་འཕུར་མདེལ་གྱི་ཚུར་རྒོལ་འགོག་སྲུང་གི་ཡོ་ཆས་དཔུང་མཇོག་བྱས་ཚེ། རྒྱ་ནག་དང་ལྷོ་ཀོ་རི་ཡའི་འབྲེལ་བར་དོ་ཕོག་བཟོ་ཉེན་ཆེ་བའི་སྐོར་ཉེན་བརྡ་བཏང་ཡོད་ཀྱང་། མེ་ཤུགས་འཕུར་མདེལ་འགོག་སྲུང་གི་ལས་འཆར་དེ་བཞིན་བྱང་ཀོ་རི་ཡའི་ཉེན་ཚབས་ལ་དམིགས་པ་ཞིག་ཡིན་ལུགས་ལྷོ་ཀོ་རི་ཡས་ལན་འདེབས་བྱས་ཏེ་རྒྱ་ནག་གཞུང་གི་འགག་བྱ་སྣང་མེད་བཏང་ཡོད་པ་རེད།
ཕྱི་ཟླ་༢པའི་ཚེས་༧ཉིན། བྱང་ཀོ་རི་ཡའི་རྒྱང་ཐག་རིང་པོར་རྙོབ་ཚད་ཐུབ་པའི་མེ་ཤུགས་འཕུར་མདེལ་ཚོད་ལྟ་བྱས་པའི་རྗེས། ལྷོ་ཀོ་རི་ཡའི་བདེ་འཇགས་སྲུང་སྐྱོབ་ཀྱི་གནད་དོན་ཐད་ ཨ་རི་དང་ལྷོ་ཀོ་རི་ཡའི་དབར་གྲོས་མོལ་བཀའ་བསྡུར་གནང་སྟེ་མཐར་ཨ་རི་གཞུང་ནས་ལྷོ་ཀོ་རི་ཡའི་ནང་THAADཞེས་ས་མཐོའི་མེ་ཤུགས་འཕུར་མདེལ་གྱི་ཚུར་རྒོལ་འགོག་སྲུང་གི་ཡོ་ཆས་དཔུང་མཇོག་བྱ་རྒྱུའི་མོས་མཐུན་བྱུང་ཡོད་པ་རེད།
རེས་གཟའ་མིག་མར་ཉིན། ལྷོ་ཀོ་རི་ཡའི་ནང་རྟེན་གཞི་བྱེད་པའི་རྒྱ་ནག་གི་གཞུང་ཚབ་ཆེན་མོ་Qiu Guohangགིས། ལྷོ་ཀོ་རི་ཡའི་Minjuཞེས་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་Kim Jong-Inདང་ཐུགས་འཕྲད་སྐབས། ལྷོ་ཀོ་རི་ཡའི་ནང་ཨ་རིའི་མེ་ཤུགས་ཕུར་མདེལ་འགོག་སྲུང་གི་ཡོ་ཆས་དཔུང་མཇོག་བྱེད་དུ་བཅུགས་ཚེ་རྒྱ་ནག་དང་ལྷོ་ཀོ་རི་ཡ་གཉིས་ཀྱི་འབྲེལ་བར་དོ་ཕོགས་བཟོ་ཉེན་ཆེ་བ་ཡིན་ལུགས་དང་། གལ་ཏེ་རྒྱལ་ཁབ་གཉིས་ཀྱི་འབྲེལ་ལམ་ལ་གནོད་སྐྱོན་བྱུང་ཚེ་དེ་ལྟར་བསྐྱར་གསོ་ཐུབ་རྒྱུ་ཁག་པོ་ཡིན་ལུགས་བརྗོད་ཡོད་འདུག
རེས་གཟའ་ལྷག་པའི་ཉིན་ལྷོ་ཀོ་རི་ཡའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་ནག་གི་གཞུང་ཚབ་ཆེན་མོ་བ་བཀའ་འགུག་གནང་སྟེ། ཁོང་གིས་ལྷོ་ཀོ་རི་ཡའི་ཕྱོགས་འགལ་ཆབ་སྲིད་ཚོགས་པའི་འགོ་ཁྲིད་ལ་གསུངས་པའི་བཀའ་མོལ་མོ་དེར་གསལ་བཤད་གནང་དགོས་པ་གསུངས་འདུག ཡིན་ནའང་ནང་མོལ་གསལ་བཤད་ཇི་བྱུང་སྐོར་གནས་ཚུལ་ཁ་གསལ་མེད་པ་རེད། རྗེས་སུ་ལྷོ་ཀོ་རི་ཡའི་སྲིད་འཛིན་གྱི་མགྲིན་ཚབ་པ་Jeong Yeon-Gukགིས། ལྷོ་ཀོ་རི་ཡའི་ནང་ཨ་རིའི་མེ་ཤུགས་འཕུར་མདེལ་འགོག་རྒོལ་གྱི་ཡོ་ཆས་འགྲེམས་མཇོག་བྱ་རྒྱུའི་ལས་འཆར་དེ་བཞིན་ཉེ་དུས་བྱང་ཀོ་རི་ཡའི་རྡུལ་ཕྲན་མཚོན་ཆ་དང་མེར་ཤུགས་འཕུར་མདེལ་གྱི་ཚོད་ལྟ་ལན་མང་བྱས་པའི་གནས་སྟངས་རྐྱེན་པས་ལྷོ་ཀོ་རི་ཡའི་རྒྱལ་ནང་སྲུང་སྐྱོབ་ཁོ་ནའི་དོན་དུ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་ཁེ་ཕན་དང་བདེ་འཇགས་སྲུང་སྐྱོབ་ཆེད་ལྷོ་ཀོ་རི་ཡར་ལས་དོན་ཇི་འདྲ་ཞིག་ཡིན་རུང་ཐག་གཅོད་བྱེད་དབང་ཆ་ཚང་ཡོད་པ་ཡིན་ལུགས་ནན་བརྗོད་བྱས་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།