སྐད་འཕྲིན་ལ་གནས་ཚུལ་རྫུན་མ་སྤེལ་མཁན་ཚོར་ཁྲིམས་ཆད་གཅོད་རྒྱུ།


2015.10.30
བོད་མི་ཞིག་གིས་སྐད་འཕྲིན་སྤྱོད་བཞིན་པ། ༢༠༡༥ བོད་མི་ཞིག་གིས་སྐད་འཕྲིན་སྤྱོད་བཞིན་པ། ༢༠༡༥
ཀླུ་འབུམ།/RFA

རྒྱ་ནག་གིས་སྐད་འཕྲིན་སོཊ་སུ་གནས་ཚུལ་རྫུན་མའི་རིཊ་སྤེལ་ཏེ་མཇུག་འབྲས་ངན་པ་བཟོས་ན་ལ་ཁྲིམས་ཆད་གཅོད་རྒྱུའི་ཉེས་ཁྲིམས་དག་བཅོས་བྱས་འདུག
ཉེ་ཆར་རྒྱ་ནག་གཞུང་གིས་ཉེས་ཁྲིམས་དག་བཅོས་འཆར་ཟིན་ཞེས་པའི་བཅའ་ཁྲིམས་ཤིག་བསྐྱར་བཅོས་ཀྱིས། ཟླ་རྗེས་མ་ནས་བཟུང་སྐད་འཕྲིན་སོགས་སུ་གནས་ཚུལ་རྫུན་མའི་རིགས་སྤེལ་ཏེ་མཇུག་འབྲས་ངན་པ་བཟོས་ན་ཁྲིམས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག།
དེ་ཡང་རྒྱ་ནག་གཞུང་འབྲེལ་བོད་ལྗོངས་དྲ་བ་ཞེས་པའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ཆར་རྒྱ་ནག་གཞུང་གིས་ཉེས་ཁྲིམས་དག་བཅོས་འཆར་ཟིན་ཞེས་པའི་བཅའ་ཁྲིམས་ཤིག་བསྐྱར་བཅོས་ཀྱིས། ཟླ་རྗེས་མ་ནས་བཟུང་སྐད་འཕྲིན་སོགས་སུ་གནས་ཚུལ་རྫུན་མའི་རིགས་སྤེལ་ཏེ་མཇུག་འབྲས་ངན་པ་བཟོས་ན་ཁྲིམས་ཆད་གཅོད་རྒྱུ་ཡིན་སྐོར་བརྗོད་འདུག
གོང་ཞུས་བཅའ་ཁྲིམས་དག་བཅོས་འཆཪ་ཟིན་དེར་གསར་དུ་སྣོན་པའི་དོན་ཚན་ཁག་གི་ནང་། རྒྱལ་ཁབ་ཀྱི་གཞུང་ཞབས་པའི་ཡིག་རྒྱུགས་སུ་ཚབ་རྒྱུགས་དང་གཡོ་ལས་འདྲ་མིན་བྱེད་པ། སྐད་འཕྲིད་དང་། པོད་འཕྲིན་སོགས་སུ་གནས་ཚུལ་རྫུན་མ་སྤེལ་བ། རྒན་གཞོན་ནད་སྐྱོན་ཅན་ལ་གནོད་འཚེ་གཏོང་བ། སློབ་གྲྭའི་རླངས་འཁོར་དང་འགྲུལ་སྐྱེལ་རླངས་འཁོར་ཁ་ལོ་བས་རླངས་འཁོར་གྱི་ཤོང་ཚད་ལས་བརྒལ་བའི་མི་ཁུར་བའམ་མྱུར་ཚད་ལ་ཚོད་འཛིན་མེད་པ། ཁྲིམས་དཔོན་ལ་འཇིགས་སྐུལ་དང་། ངན་སྨྲས་བྱེད་པ། ཉེན་རྟོག་པར་ངན་ཤེད་དམ་ཁྲེབ་འཚོང་བྱེད་པ། སྨན་ཁང་དུ་ཟིང་ཆ་བསླང་ནས་ཁེ་ཕན་ལེན་པ། བཀག་སྡོམ་བྱས་པའི་འཇིགས་སྐུལ་རིང་ལུགས་ཀྱི་དཔེ་ཚོགས་སྒེར་གྱིས་བདག་ཉར་བྱེད་པ་སོགས་བྱ་སྤྱོད་དེ་དག་ཉེས་ཁྲིམས་སུ་འཇུག་རྒྱུ་ཡིན་འདུག་པ་དང་། སྔོན་མ་ཁྲིམས་འགལ་གྱི་བྱ་སྤྱོད་དེ་དག་ལ་སྐབས་བསྟུན་གྱི་ཆད་པ་གཅོད་པ་ཙམ་ལས་ནག་ཉེས་ཀྱི་ཁོངས་སུ་འཇོག་མེད་ཀྱང་། ཐེངས་འདིའི་བཅའ་ཁྲིམས་བསྐྱར་བཅོས་དེའི་འོག་སྤྱི་ཟླ་༡༡པའི་ཚེས་༡ནས་བཟུང་དངོས་སུ་ནག་ཉེས་ཀྱི་ཁོངས་སུ་འཇོག་རྒྱུ་ཡིན་པ་མ་ཟད། ལག་བསྟར་ཀྱང་བྱ་རྒྱུ་ཡིན་ཞེས་འཁོད་འདུག  
ད་དུང་ལྷག་པར་དུ་སྐད་འཕྲིན་སོགས་སུ་གནས་ཚུལ་རྫུན་མའི་སྐོར་སྐད་འཕྲིན་གྱི་ནག་ཉེས་དང་འབྲེལ་ཡོད་ཀྱི་དོན་ཚན་ཁག་ཅིག་གཏན་འབེབས་བྱས་ཡོད་པའི་ནང་། ཉེན་ཁ་ཆེ་བའི་གནས་ཚུལ་དང་། རིམས་ནད་བྱུང་ཚུལ། དོགས་ཡོད་གནས་བབ་སོགས་རྫུན་བཟོ་བྱས་ཏེ་དྲ་ངོས་དང་ཡང་ན་གསར་ལམ་གཞན་དུ་བརྒྱུད་སྤེལ་བྱེད་པའམ། གོང་སྨྲོས་ཀྱི་གནས་ཚུལ་དག་རྫུན་མ་ཡིན་པ་ཤེས་བཞིན་དུ་དྲ་ངོས་གང་རུང་དུ་བརྒྱུད་བསྐུར་བྱས་ནས་སྒྲིག་གཞི་བརྩི་སྲུང་མི་བྱེད་མཁན་ལ། ལོ་༣ མན་གྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་གཅོད་པའམ་བཀག་སྐྱིལ་དང་། རྩིས་སྤྲོད་དོ་དམ་བྱེད་རྒྱུ། གལ་ཏེ་གནས་ཚུལ་རྫུན་མས་མཇུག་འབྲས་ཚབས་ཆེན་བཟོས་ཚེ། ལོ་༣ ཡན་དང་ལོ་༧ མན་གྱི་དུས་བཀག་བཙོན་འཇུག་བྱེད་རྒྱུ་ཡིན་ཞེས་བ་སོགས་འཁོད་འདུག

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎