འཛིན་བཟུང་བྱས་པའི་བོད་མི་བཙོན་འགྲོལ་དགོས་པའི་འབོད་སྐུལ།

ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་དགོས་པའི་སྐོར་གླེང་སློང་གནང་རྒྱུའི་འབོད་སྐུལ་ཞུས་འདུག

2008-06-06
Share

༄༅༎ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཁག་ཅིག་གིས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་གཞུང་གིས་ཉེ་ཆར་བོད་ནང་གི་ཞི་བའི་ངོ་རྒོལ་ལས་འགུལ་སྐབས་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་དགོས་པའི་སྐོར་གླེང་སློང་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་རེད་།

དེ་ཡང་བོད་གནས་དྲ་རྒྱ་ཞེས་པའི་ཐོག་གནས་ཚུལ་འཁོད་པར་གཞིགས་ན་། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གོར་ཌེན་སི་མིཐི། ཇོན་ཀེ་རི། ར་སེལ་ཕའེན་གོལ། ནས་ཨ་རིའི་ཕྱི་སྲིད་དྲུང་ཆེ་ལྕམ་རའེ་སེ་མཆོག་ལ་ཕྱག་བྲིས་ཕུལ་ཡོད་པའི་ནང་ཁོང་རྣམས་ཀྱིས་བོད་ནང་གི་ད་ལྟའི་གནས་སྟངས་ཐོག་ཐུགས་འཚབ་ཆེན་པོ་ཡོད་པ་དང་ ལྷག་པར་དུ་ཉེ་ཆར་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཞི་བའི་ངོ་རྒོལ་བྱེད་མཁན་རྒྱ་ཕྲག་ཁ་ཤས་འཛིན་བཟུང་དོ་དམ་བྱེད་བཞིན་པའི་གནད་དོན་ཐོག་ཐུགས་འཚབ་ཆེན་པོ་ཡོད་པ་མ་ཟད་། བོད་ནང་ཕྱི་རྒྱལ་གྱི་རང་དབང་ཅན་གྱི་གསར་འགོད་པ་གཏོང་རྒྱུའི་བཀག་སྡོམ་བྱས་པར་བརྟེན་ནས་བོད་ནང་གི་གནས་སྟངས་དངོས་ཤེས་རྟོགས་གསལ་པོ་མེད་པར་བརྟེན་ ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་རྒྱ་ནག་གཞུང་གི་དཔོན་རིགས་ཚོ་དང་ལྷན་དུ་བོད་མི་འཛིན་བཟུང་དོ་དམ་བྱེད་བཞིན་པ་རྣམས་གློད་བཀྲོལ་ཡོང་རྒྱུ་དང་། དེ་བཞིན་ཕྱི་རྒྱལ་གྱི་གསར་འགོད་པ་བོད་ནང་གནས་ཚུལ་བཀོད་པར་གཏོང་རྒྱུའི་སྐོར་གླེང་སློང་གནང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད་། གོང་ཞུས་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གསུམ་པོས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་ཕུལ་གནང་བའི་འབོད་སྐུལ་ཕྱག་བྲིས་དེའི་ནང་དམིགས་བསལ་བོད་ཨ་མདོ་ཁུལ་གྱི་གཞས་མ་འཇམ་དབྱངས་སྐྱོད་ལགས་ཕྱི་ཟླ་བཞི་པའི་ནང་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་པའི་གནས་ཚུལ་བཏོན་གནང་ཏེ་ ཁོང་དང་དེ་མིན་ཞི་བའི་ངོ་རྒོལ་ལས་འགུལ་སྐབས་འཇུ་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་ཡོང་རྒྱུའི་ཐོག་དོ་འཁུར་གནང་རྒྱུའི་འབོད་སྐུལ་ཞུས་གནང་ཡོད་པ་རེད་།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།