བོད་ཀྱི་རྒྱལ་ས་ལྷ་སའི་ནང་ཕྱི་ནས་ཡོང་མཁན་ཚོར་དམིགས་བསལ་དམ་དྲག་འདུག

2018-08-31
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༨།༧
ལྷ་སའི་གཙུག་ལག་ཁང་གི་མདུན། ༢༠༡༨།༧
བོད་འབྱོར།

བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་བོད་ཀྱི་ས་གནས་གཞན་ནས་ཡོང་མཁན་ཚོར་དམ་དྲག་ཧ་ཅང་ནན་པོ་བྱེད་བཞིན་ཡོད་འདུག
དེ་ཡང་བོད་མདོ་སྨད་ནས་ལྷ་སའི་ཁུལ་དུ་གནས་སྐོར་དུ་ཕེབས་མཁན་ཞིག་གིས་བོད་ཀྱི་ས་གནས་གཞན་ནས་རྒྱལ་ས་ལྷ་སའི་ཁུལ་དུ་གནས་སྐོར་དུ་ཕེབས་མཁན་ཁོང་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་གང་སར་དམག་མི་འགྲེམས་འཇོག་བྱས་ནས་ཞིབ་རྟོག་དང་དམ་དྲག་ཧ་ཅང་ནན་པོ་ཡོད་པ་དང་། དམིགས་བསལ་བོད་ཀྱི་ས་གནས་གཞན་ནས་ལྷ་ས་ཁུལ་དུ་གནས་མཇལ་དུ་ཕེབས་མཁན་ཚོར་དེ་བས་དམ་དྲག་གིས་ལྷ་ས་གྲོང་ཁྱེར་ནང་བསྐྱོད་རྒྱུར་ཡང་དམིགས་བསལ་འགྲོ་བསྐྱོད་ཆོག་པའི་ཡིག་ཆ་ལེན་དགོས་ཀྱི་ཡོད་པ་འདི་ག་རླུང་འཕྲིན་ཁང་དུ་གོང་གི་མི་སྣ་དེས་འགྲེལ་བརྗོད་བྱས་ཡོད་པ་རེད།   ལྷ་སའི་བར་སྐོར་དུ་གནས་པའི་གཙུག་ལག་ཁང་དུ་ཆོས་མཇལ་དུ་ཕེབས་པའི་སྐབས་ཆོས་མཇལ་བ་མི་རེ་རེ་བཞིན་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། དེ་བཞིན་རྒྱལ་ས་ལྷ་སའི་ཁུལ་དུ་བསྐྱོད་རྒྱུར་དམིགས་བསལ་གྱི་ཆོག་མཆན་ཡིག་ཆ་མེད་ཚེ་ལྷ་ས་གྲོང་ཁྱེར་ནང་གཏོང་གི་མེད་པ་མ་ཟད་། མགྲོན་ཁང་དུ་ཡང་སྡོད་བཅུག་གི་མེད་པ་དང་། དེ་བཞིན་ཕོ་བྲང་པོ་ཏ་ལ་དང་དེའི་ཁུལ་དུ་དམག་མི་ཧ་ཅང་མང་པོ་འགྲེམས་འཇོག་གིས་མེ་མདའ་འཁྱེར་ནས་ཕར་འགྲོ་ཚུར་འགྲོ་བཞིན་པའི་གནས་སྟངས་མཐོང་དུས་དངངས་ཚབ་སྐྱེས་དགོས་པ་ཞིག་ཡོད་པ་འགྲེལ་བརྗོད་གནང་ཡོད་འདུག

གསར་འགོད་པ་འཆི་མེད་དང་ཀུན་བཟང་བསྟན་འཛིན།

མཆན། (0)
Share
དྲ་གནས་ཆ་ཚང༌།