བོད་མིའི་རང་དབང་སྒེར་ལངས་དུས་དྲན་སླེབས་ལ་ཉེ་བས་རྒྱ་ནག་གིས་བོད་ནང་དམ་དྲག


2019.03.04
ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ ལྷ་སར་དམ་དྲག་དང་གཙུག་ལག་ཁང་གི་མདུན་དམག་མི་བསྐྱོད་བཞིན་པ། ༼ཟླ་ཚེས་མི་གསལ
པར་ཚགས།

བོད་མིའི་རང་དབང་སྒེར་ལངས་སུམ་བཅུའི་དུས་དྲན་སླེབས་ལ་ཉེ་བའི་སྐབས་འདིར་རྒྱ་ནག་གིས་བོད་ཀྱི་རྒྱལ་ས་ལྷ་སའི་ནང་ས་གནས་གཞན་ནས་ཡོང་མཁན་བོད་རིགས་རྣམས་ལ་ཞིབ་གཤེར་དོ་དམ་ནན་པོ་བྱེད་བཞིན་ཡོད་འདུག
བོད་མིའི་ཞི་བའི་སྒེར་ལངས་གསུམ་བཅུའི་དུས་དྲན་ཐེངས་༦༠་པ་སླེབས་ལ་ཉེ་བའི་སྐབས་འདིར་བོད་ཀྱི་རྒྱལ་ས་ལྷ་སར་བོད་ནང་གི་ཞིང་ཆེན་གཞན་ནས་མཆོད་མཇལ་དུ་ཡོང་མཁན་དང་། ཡང་ན་དུས་རྒྱུན་ལྷ་སར་ཚོང་ལས་གཉེར་མཁན་རྣམས་ལ་རྟོག་ཞིབ་དོ་དམ་ནན་པོ་བྱེད་བཞིན་ཡོད་པ་བོད་ནང་གི་བོད་མི་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་བརྗོད་ཡོད་ཅིང་།  ཁོང་གིས་བོད་ཀྱི་མདོ་སྟོད་སྨད་ཕྱོགས་ནས་ལྷ་སར་གནས་བསྐོར་དུ་ཡོང་མཁན་ཚོར་རྒྱ་ནག་གི་ཉེན་རྟོག་པ་སོགས་ཀྱིས་ཁོང་ཚོར་ཟླ་བ་འདིའི་ནང་ཆེད་དུ་ལྷ་སར་ཡོང་དགོས་དོན་དང་། ཉིན་གྲངས་ག་ཚོད་སྡོད་འཆར་ཡོད་མིན།  ལྷ་སར་ངོ་ཤེས་དང་ཡང་ན་སྡོད་གནས་གཏན་ཁེལ་ཡོད་མེད།  ལྷ་སར་ཡོང་དོན་སོགས་འདྲི་ཞིབ་ནན་པོ་བྱེད་བཞིན་འདུག་པར་མ་ཟད། ལྷ་སར་སྡོད་ཡུན་རིང་ལག་ཁྱེར་ཁ་པར་ཆུ་ཚོད་༢༤་རིང་སྒོ་ཕྱེ་ནས་འཇོག་དགོས་པ་དང་རྒྱལ་ཁབ་ཀྱི་བདེ་འཇགས་དང་རྩ་ཁྲིམས་ལ་གནོད་པའི་ལས་ཀ་གཏན་ནས་བྱེད་མི་ཆོག་པ་སྐོར་ནས་ནན་བཤད་བྱེད་བཞིན་ཡོད་པ་བརྗོད་ཡོད་པ་རེད།
ད་དུང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན།  ཕྱི་ཟླ་གསུམ་པ་འདིའི་ནང་དམག་ཆས་གྱོན་པ་དང་མི་གྱོན་པའི་ཉེན་རྟོག་པ་དང་མྱུལ་ཞིབ་པ་ཧ་ཅང་མང་པོ་འགྲེམ་འཇོག་གིས། བར་བསྐོར་དང་པོ་ཏཱ་ལའི་མདུན་ཐང་སོགས་མི་ཚོགས་འདུ་འཛོམས་ཆེ་ཡུལ་ཁག་ཏུ་རྟོག་ཞིབ་ནནན་པོ་བྱེད་བཞིན་ཡོད་འདུག་པར་བརྟེན།  གལ་ཏེ་ཞི་རྒོལ་ས་སོགས་པའི་དོན་རྐྱེན་འབྱུང་ཚེ་ཉེས་མེད་ཉེས་འགལ་གྱི་ཉེན་ཁ་འབྱུང་སྲིད་པར་དོགས་ནས་རྒྱུན་དུ་ལྷ་སར་ཚོང་ལས་གཉེར་ནས་སྡོད་མཁན་ཞིང་ཆེན་གཞན་ནས་ཡོང་བ་ཁག་གཅིག་རང་གི་ཕ་ཡུལ་དུ་ལོག་འགྲོ་མཁན་ཡང་བྱུང་བཞིན་ཡོད་འདུག
སྤྱིར་བཏང་ནས་བོད་ཀྱི་མདོ་སྟོད་སྨད་ནས་ལྷ་སར་ཇོ་མཇལ་དུ་ཡོང་སྐབས་བོད་མི་ཡིན་ཡང་དམིགས་བསལ་ཆོག་མཆན་ཞུ་དགོས་པ་སོགས་དམ་དྲག་ཡོད་མུས་ཡིན་ཁར། དམིགས་བསལ་ལོ་རེའི་ཕྱི་ཟླ་གསུམ་པ་ནི་རྒྱ་ནག་གཞུང་གིས་བོད་ནང་ཆབ་སྲིད་ཀྱི་གཟེ་རེག་པོའི་ཟླ་བ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད་པ་དང་།  ཕྱི་ཟླ་དང་པོ་ནས་བཟུང་ཕྱི་ཟླ་ ༤ བར་བོད་ནང་ཕྱི་རྒྱལ་ཡུལ་བསྐོར་སྤྲོ་འཆམ་པ་ཡོང་མི་ཆོག་པ་བཟོས་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱལ་ཁབ་ཁག་བཅོ་བརྒྱད་ནང་བོད་དོན་དང་བླངས་ཞུ་གཏུག་པ་ ༥༢༡ དང་བླང་གི་ཐོག་ནས་འཛུལ་ཞུགས་གནང་ཡོད་སྐོར། ཕྱི་དྲིལ་བཀའ་བློན་ནས་གྲོས་ཚོགས་སུ་གསུངས་པ།
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎