བོད་ནང་ཁ་བྲལ་གྱི་འཐབ་རྩོད་ལ་གདོང་ལེན་གྱི་ཚད་གཞི་མཐོ་རུ་གཏོང་དགོས་ཟེར།


2018.08.27
རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་ཤོས་ཨང་བཞི་པ་ཝང་ཡང་བོད་དུ། ༢༠༡༨།༨།༢༥ རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་ཤོས་ཨང་བཞི་པ་ཝང་ཡང་།
ཨེ་ཨེཕ་པི།

རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཤིག་གིས་བོད་ནང་ཁ་བྲལ་ལ་གདོང་ལེན་གྱི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་དགོས་པ་བརྗོད་འདུག
རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་མཐོ་ཤོས་ཨང་བཞི་པ་ཝང་ཡང་བོད་དུ་ལས་དོན་རྟོག་ཞིབ་ཅེས་པའི་མིང་གི་ཐོག་ནས་བསྐྱོད་འདུག་ཅིང་། ཕྱི་ཟླ་ ༨ ཚེས་ ༢༦ གཟའ་ཉི་མའི་ཉིན་ཝང་གིས་བོད་ནང་ཁ་བྲལ་གྱི་ལས་དོན་ལ་གདོང་ལེན་གྱི་ཚད་གཞི་ཆེ་རུ་གཏོང་དགོས་པ་བརྗོད་པ་འདི་ནི་བོད་ཀྱི་ས་ཁུལ་ནང་མུ་མཐུད་དྲག་གནོན་གྱི་སྲིད་ཇུས་ལགས་བསྟར་བྱ་རྒྱུ་ཡིན་པའི་མཚོན་རྟགས་ཤིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
(Wang Yang)གིས་བོད་ཀྱི་དགོན་སྡེ་ཁག་གི་ཐོག་སྟངས་འཛིན་བྱེད་དགོས་རྒྱུ་གཙོ་བཏོན་བྱས་འདུག་ཅིང་།  དེ་ཡང་ཝང་གིས་ལྷིང་འཇགས་ཀྱི་དུས་སུ་གྲ་སྒྲིག་དང་སྔོན་འགོག་བྱེད་དགོས་ལུགས་བརྗོད་པ་དང་། ཆོས་ཕྱོགས་ཀྱི་འགོ་ཁྲིད་ཚོས་རྒྱལ་ཁབ་གཅིག་འགྱུར་གྱི་གོང་བུ་དང་སྤྱི་ཚོགས་བརྟན་ལྷིངས་སྲུང་སྐྱོབ་ཀྱི་དོན་དུ་སྙིང་སྟོབས་ལྡན་པའི་ཐོག་ནས་ཁ་བྲལ་གྱི་རྣམ་པར་འཐབ་རྫིང་བྱེད་དགོས་པ་ནན་བརྗོད་བྱས་འདུག
རྒྱ་ནག་གཞུང་གིས་ཁ་བྲལ་ཞེས་པའི་མིང་གི་ཐོག་ནས་བོད་ནང་དམ་དྲག་ཤུགས་ཆེ་བྱེད་བཞིན་ཡོད་པ་དབུས་བོད་མིའི་སྒྲིག་འཛུགས་དང་ཨ་མི་རི་ཀ་དང་ཡོ་རོབ་ཀྱི་ཡུལ་གྲུ། དེ་བཞིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་པ་མང་པོས་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་ལ།  ལྷག་པར་དུ་ཕྱི་ལོ་ ༢༠༠༨ ལོར་བོད་ས་ཁྱོན་ཡོངས་སུ་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མིའི་ཐོག་བཟུང་བའི་སྲིད་ཇུས་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་བའི་རྗེས། ཕྱི་ལོ་ ༢༠༠༩ ལོ་ནས་ད་བར་བོད་མི་ ༡༥༠ བརྒལ་བས་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པ་རེད།
སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབས་ཤིག་འབྱུང་ཚེ་བོད་འདི་རྒྱ་ནག་ནས་ཁ་བྲལ་མི་དགོས་པའི་ཐོག་ནས་མཉམ་གནས་བྱ་རྒྱུ་ཡིན་པ་ཡང་ནས་ཡང་དུ་བཀའ་གནང་གི་ཡོད་ལ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་བོད་རྒྱའི་དཀའ་རྙོག་སེལ་བའི་སྲིད་ཇུས་ནི་དབུ་མའི་ལམ་ཡིན་པ་ཡིག་ངག་གཉིས་ཐོག་ནས་གསལ་བསྒྲགས་ཡང་ཡང་གནང་མིན་ལ་མ་བལྟོས་པར། རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་བོད་མི་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་གྱི་ཡོད་པ་བརྗོད་བཞིན་པ་ནི།  བོད་མི་ཚོར་ཡིད་ཆེས་མེད་པ་དང་བོད་ནང་དམ་དྲག་མུ་འཐུད་བྱེད་ཆེད་ཞིག་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་འགྲེལ་བརྗོད་བྱེད་བཞིན་ཡོད་པ་རེད།

གསར་འགོད་པ་ཀརྨ་རྒྱ་མཚོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དགེ་འདུན་པ་བསྟན་འཛིན་མཁྱེན་རབ་ལགས་ཀྱི་ཨ་མ་སྦོ་རྡེ་ལགས་སེམས་འཁྲལ་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དཔྱ་དངུལ་ཆག་ཡང་བཏང་བའི་ལོ་གཅིག་ནང་བོད་མི་དྲུག་སྟོང་ལྔ་བརྒྱ་ལྷག་གིས་དཔྱ་དངུལ་ལག་དེབ་གསར་བཟོ་དང་བསྐྱར་གསོ་གནང་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎