རྒྱ་ནག་གཞུང་གིས་དམ་དྲག་ཁྲོད་ལི་ཐང་རྟ་རྒྱུག་གོ་སྒྲིག་བྱས་འདུག


2018.08.06
ལི་ཐང་རྟ་རྒྱུག་སྐབས་ཀྱི་རོང་རྒྱས་ཨ་གྲགས། ༢༠༠༧ ལི་ཐང་རྟ་རྒྱུག་སྐབས་ཀྱི་རོང་རྒྱས་ཨ་གྲགས། ༢༠༠༧
པར་ཚགས།

ཁམས་ལི་ཐང་རྫོང་དུ་རྟ་རྒྱུག་ཚོགས་མ་བཅུག་པར་ལོ་ངོ་བཅུ་ལྷག་ཕྱིན་རྗེས་ད་ལོ་ལི་ཐང་རྫོང་དུ་རྟ་རྒྱུགས་ཐེངས་དང་པོ་དམ་དྲག་འོག་སྐོང་འདུག
དེ་ཡང་ཁམས་དཀར་མཛེས་ལི་ཐང་རྫོང་དུ་སྤྱི་ལོ་༢༠༠༧་ལོའི་ཟླ་༨་ཚེས་༡་ཉིན་ལི་ཐང་རྟ་རྒྱུགས་ཆེན་མོའི་སྐབས་རུང་རྒྱས་ཨ་གྲགས་ལགས་ཀྱིས་མི་དམངས་འདུ་འཛོམས་ཡོད་སར་ཡོངས་གྲགས་ཀྱིས་བོད་ནང་གི་བོད་མི་ཚོའི་མངོན་འདོད་ཀྱི་གཏམ་བཤད་སྤེལ་བར་བརྟེན། དེ་ནས་རྒྱ་ནག་གཞུང་གིས་ལི་ཐང་རྟ་རྒྱུག་ཚོགས་མ་བཅུག་པར་ལོ་ངོ་བཅུ་ལྷག་ཕྱིན་རྗེས། ད་ལོའི་སྤྱི་ཟླ་༨་པའི་ཚེས་༡་ནས་ཉིན་གསུམ་གཅིག་རིང་ས་གནས་སྲིད་གཞུང་གིས་གོ་སྒྲིག་འོག་རྟ་རྒྱུག་ཐེངས་དང་པོ་ཚོགས་ཡོད་པ་རྒྱ་གར་དུ་བཞུགས་བཞིན་པའི་དགེ་བཤེས་ལྷ་རམས་པ་འཇམ་དབྱངས་ཉི་མ་ལགས་ཀྱིས་འདི་གར་གསུངས་བྱུང་།
ཡང་ཁོང་གིས་གསུངས་ན། རྟ་རྒྱུག་དེ་བཞིན་རྒྱ་ནག་གཞུང་གིས་གོ་སྒྲིག་བྱས་དོན་གཙོ་བོ་ནི་ལི་ཐང་ནང་མི་དམངས་ཀྱི་འཚོ་བ་ཡག་པོ་ཡོད་པ་སོགས་ཀྱི་དྲིལ་བསྒྲགས་ཆེད་དུ་ཡིན་ཞིང་། སྔོན་མར་རྟ་རྒྱུག་དེའི་ནང་བོད་མི་ཚོས་དང་བླངས་ཀྱིས་འཛུལ་བཞུགས་བྱས་སྲོལ་ཡོད་ན་ཡང་།  ད་ལོར་སྲིད་གཞུང་གིས་གོ་སྒྲིག་བྱས་པར་མ་ཟད་དེའི་ནང་འཛུལ་ཞུགས་བྱེད་མཁན་ཚོར་མི་རེར་ཉི་མ་རེར་རྒྱ་སྒོར་༢༠༠ རེ་ཡང་སྤྲད་ཡོད་འདུག
དེ་བཞིན་ལི་ཐང་དུ་རྟ་རྒྱུག་ཉིན་གསུམ་གྱི་རིང་དམག་མི་དང་ཉེན་རྟོག་པ་མི་དམངས་ཀྱི་མདུན་དུ་ལངས་ཏེ་མཐའ་བསྐོར་ནས་དམ་དྲག་ལྟ་སྲུང་ནན་པོ་བྱས་ཡོད་པ་དང་། དེའི་སྔོན་གྱི་སྤྱི་ཟླ་གསུམ་པའི་གསུམ་བཅུའི་དུས་དྲན་དང་། དེ་བཞིན་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་སྐབས་སུའམ་དམ་དྲག་ཧ་ཅང་ཆེན་པོ་ཡོད་འདུག
གོང་ཞུས་ལི་ཐང་རྟ་རྒྱུགས་འདི་དང་བསྟུན་ནས་ལི་ཐང་དུ་༧ཚངས་དབྱངས་རྒྱ་མཚོ་གླུ་གཞས་སྤྲོ་ཚོགས་ཆེན་མོ་ཞེས་པ་ཞིག་ཀྱང་ཚོགས་ཡོད་འདུག
ལི་ཐང་ལ་དེ་སྔ་༢༠༠༧་ལོའི་རྟ་རྒྱུགས་སྐབས་རུང་རྒྱས་ཨ་གྲགས་ལགས་ཀྱིས་༧གོང་ས་མཆོག་བོད་ལ་ཕེབས་དགོས། བོད་ལ་རང་དབང་དགོས། ཀུན་གཟིགས་པན་ཆེན་རིན་པོ་མཆོག་དང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་རྣམ་གཉིས་གློད་བཀྲོལ་གཏོང་དགོས་ཞེས་སོགས་གཏམ་བཤད་གནང་བར་བརྟེན་རྒྱ་གཞུང་ཉེན་རྟོག་པས་ཁོང་འཛིན་བཟུང་གིས་མི་ལོ་བརྒྱད་ཀྱི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་ནས་སྤྱི་ལོ་༢༠༡༥་ལོའི་ཟླ་བདུན་པའི་ཚེས་༣༡་ཉིན་ལོ་བརྒྱད་ཀྱི་ཁྲིམས་ཆད་ཀྱི་དུས་ཡུན་ཟིན་ནས་གློད་གྲོལ་ཐོབ་ཡོད་པ་རེད།

གསར་འགོད་པ་གུ་རུ་ཆོས་སྐྱིད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎