ལེའུ་ཞོ་པོ་ཡི་སྐུ་ཟླ་ལེའུ་ཞཱ་རྒྱ་ནག་ནས་མཇར་མན་ལ་བདེ་འབྱོར་བྱུང་འདུག

2018-07-10
གློག་འཕྲིན།
མཆན།
Share
པར་བཀོད།
ལེའུ་ཞཱ་(Liu Xia) ལགས་ཧྥེན་ལན་ཊའི་Finlandགནམ་ཐང་དུ། ༢༠༡༨།༧།༡༠
ལེའུ་ཞཱ་(Liu Xia) ལགས་ཧྥེན་ལན་ཊའི་Finlandགནམ་ཐང་དུ། ༢༠༡༨།༧།༡༠
AP

རྒྱ་ནག་གཞུང་གི་དོ་དམ་བཀག་ཉར་འོག་མི་ལོ་བརྒྱད་ཙམ་ལ་བཞག་པའི་ལེའུ་ཞཱ་འཇར་མན་དུ་འབྱོར་འདུག
དེ་ཡང་ལྷོ་རྒྱ་ནག་གི་སྔ་དྲོའི་ཕོ་ཉ་ཅེས་པའི་གསར་ཤོག་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མཁན་དམ་པ་ལོའུ་ཞའོ་པོ་ལགས་ཀྱི་སྐུ་ཟླ་ལེའུ་ཞཱ་(Liu Xia)ལགས་ད་བར་ལོ་ངོ་བརྒྱད་ཙམ་རིང་རྒྱ་ནག་གིས་དོ་དམ་བཀག་ཉར་བྱས་པའི་རྗེས། འདི་ཚེས་༡༠་རེས་གཟའ་མིག་མར་ཉིན་ཁོ་མོ་སྨན་བཅོས་ཀྱི་མིང་ཐོག་ནས་གློད་གྲོལ་ཐོབ་ཞིང་མཁའ་ལམ་བརྒྱུད་འཇར་མན་དུ་འབྱོར་ཡོད་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Hua Chunying)གིས་ཀྱང་རྒྱུན་ལྡན་གྱི་གསར་འགོད་ལྷན་ཚོགས་སྐབས། (Liu Xia)ལགས་འཕྲོད་བསྟེན་སྨན་བཅོས་ཆེད་འཇར་མན་དུ་ཕྱིར་བསྐྱོད་བྱས་ཡོད་ལུགས་གནས་ཚུལ་ར་སྤྲོད་བྱས་འདུག གནས་ཚུལ་ནང་གསལ་ལྟར་ན། (Liu Xia)གློད་གྲོལ་བཏང་བའི་གནས་ཚུལ་དེ་རྒྱ་ནག་གི་སྲིད་བློན་(Li Keqiang)རེས་གཟའ་ཟླ་བའི་ཉིན་འཇར་མན་ནང་ཚོང་དོན་སྐོར་སྐྱོད་ཆེད་གཞུང་དོན་མཚམས་གཟིགས་ཕེབས་པའི་རྗེས་སུ་བྱུང་འདུག་ལ་གནས་ཚུལ་འབྱུང་ཁུངས་ཀྱིས་བརྗོད་པར། རྒྱ་ནག་གི་སྲིད་བློན་(Li Kequiang)གིས་མཇར་མན་གྱི་སྲིད་བློན་(Angela Merkel)ལྷན་དང་མཇལ་འཕྲད་གནང་པའི་སྐབས་(Liu Xia)གི་གནད་དོན་གླེང་པ་མ་ཟད། ཁོ་མོ་སྨན་བཅོས་ཆེད་མགྱོགས་མྱུར་གློད་གྲོལ་གཏོང་རྒྱུའི་མཁས་ལེན་བྱས་ཡོད་འདུག
(Liu Xia)ལགས་ཀྱི་གཅེན་པོ་(Liu Hui)ལགས་ཀྱིས་ཁོ་པའི་གཅུང་མོ་(Liu Xia)་ཡིས་མི་ཚེ་གསར་པ་ཞིག་འགོ་འཛུགས་ཆེད་རྒྱ་ནག་གི་རྒྱལ་ས་པེ་ཅིང་ནས་ཡོ་རོབ་ཁུལ་ཕྱིར་ཐོན་བྱས་ཡོད་པའི་སྐོར་དང་། འདས་པའི་ལོ་ངོ་མང་པོའི་རིང་མི་ཚེ་དཀའ་སྡུག་ཆེ་བའི་གནས་སྟངས་སྐབས་(Liu Xia)ལ་མང་ཚོགས་ཁྲོད་ནས་རྒྱབ་སྐྱོར་ཞུ་མཁན་ཡོངས་ལ་ཐུགས་རྗེ་ཆེ་ཞུ་བཞིན་ཡོད་ཅེས་དང་། ད་ཆ་ཁོ་མོ་རང་དབང་རྒྱལ་ཁབ་ནང་འབྱོར་རྗེས་འདས་པའི་ལོ་མང་རིང་འཕྲད་པའི་ཡིད་སྐྱོ་བའི་གནས་ལུགས་དྲན་བཤད་ལས་དོར་སྟེ་མི་ཚེ་བདེ་སྐྱིད་ལྡན་པ་དང་། འཕྲོད་བསྟེན་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཡི་ཡོད་ཅེས་སྤྱི་ཚོགས་དྲ་ལམ་བརྒྱུད་གསུངས་གནང་འདུག  
ཕྱི་ལོ་ ༢༠༡༠ ལོར་རྒྱ་ནག་གཞུང་གིས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་དམ་པ་ལོའུ་ཞའོ་པོ་ལགས་འཛིན་བཟུང་བཙོན་འཇུག་བྱས་པ་ནས་བཟུང་ཁོང་གི་སྐུ་ཟླ་(Liu Xia)ལགས་ཀྱང་རྒྱ་ནག་གཞུང་གིས་རང་ཁྱིམ་དུ་བཀག་སྐྱིལ་བྱས་ཏེ་འདས་པའི་ལོ་ངོ་བརྒྱད་ཙམ་རིང་བཟང་བཙོན་དུ་བཅུག་ཡོད་པ་རེད།
(Liu Xiaobo)དམ་པ་དེའི་སྐུ་ཟླ་(Liu Xia)བཟང་བཙོན་ནས་གློད་གྲོལ་ཐོབ་པར་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་ཞུས་པ་དང་ཆབས་ཅིག་བོད་དང་རྒྱ་ནག་གཉིས་ནང་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཞུ་དགོས་པའི་འབོད་སྐུལ་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།