ལིའུ་ཞོ་པོ་ཡི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ངང་ཡོད་འདུག


2017.07.12
ལེའུ་ཞོ་པོ་རྒྱ་ག་གི་སྨན་ཁང་དུ། ༢༠༡༧།༧།༩ ལེའུ་ཞོ་པོ་རྒྱ་ག་གི་སྨན་ཁང་དུ། ༢༠༡༧།༧།༩
དྲ་བཤུས།

སྐུ་ཞབས་ལིའུ་ཞོ་པོ་ཡི་སྐུ་གཟུགས་གནས་སྟངས་ཧ་ཅང་ཛ་དྲག་ངང་ཚེ་སྲོག་གི་ཉེན་ཁའི་གནས་སུ་ཡོད་པ་རེད་འདུག
དེ་ཡང་ནོ་བེལ་ཞི་བདེའི་གཟེངས་རྟགས་ཐོབ་མཁན་དང་། རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པའི་དབང་གིས་སྤྱི་ལོ་༢༠༠༩་ནས་ལོ་༡༡རིང་བཙོན་འཇུག་འོག་ཡོད་པ། སྐུ་ཞབས་ལིའུ་ཞོ་པོ་ལགས་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ཧ་ཅང་ཉེན་ཚབས་ངང་དུ་ཡོད་པ་མ་ཟད། ཁོང་གིས་དབུགས་གཏོང་ལེན་ཐུབ་ཀྱི་མེད་པའི་སྐོར་ཁོང་ལ་སྨན་བཅོས་བྱེད་མཁན་འབྲེལ་ཡོད་ཀྱིས་འདི་ཚེས་༡༢་རེས་གཟའ་ལྷག་པའི་ཉིན་འགྲེལ་བརྗོད་བྱས་འདུག
ཁོང་གི་སྐུ་གཟུགས་ཀྱི་ནད་གཞི་མཆིན་པའི་འབྲས་སྐྲན་མཐའ་མའི་སྐབས་སུ་སླེབས་པར་བརྟེན་ཉེ་ཆར་རྒྱ་གཞུང་གིས་ཁོང་བཙོན་ཁང་ནས་སྨན་ཁང་དུ་བསྐྱལ་ཡོད་པ་དང་། ལིའུ་ཞོ་པོ་ལགས་སྨན་བཅོས་བྱེད་སའི་རྒྱ་ནག་བྱང་ཤར་(Shenyang) གྲོང་ཁྱེར་གྱི་སྨན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ད་ཆ་དགུང་གྲངས་༦༡ ལ་སོན་པ་སྐུ་ཞབས་ལིའུ་ཞོ་པོ་མཁལ་མ་དང་། མཆིན་པའི་བྱེད་ལས་ནུས་མེད་ཆགས་བཞིན་ཡོད་པ་མ་ཚད།  ཁོང་གི་ཁྲག་རྩ་འགག་པའི་དཀའ་ངལ་འཕྲད་བཞིན་ཡོད་པའི་སྐོར་བཀོད་འདུག
ད་ཆ་ཁོང་ཧ་ཅང་ཛ་དྲག་གི་གནས་སུ་ཡོད་ཀྱང་སྨན་ཁང་གི་ངོས་ནས་ཁོང་གི་སྲོག་སྐྱོབ་ཐུབ་པའི་ཐབས་ཤེས་གང་ཡོང་བྱེད་བཞིན་ཡོད་པ་དང་། དེ་བཞིན་ཁོང་གི་ནང་མི་ཚོས་ཀྱང་ཁོང་གི་གནས་སྟངས་གང་འདྲ་ཡོད་པ་ཤེས་རྟོགས་ཡོད་པའི་སྐོར་སྨན་ཁང་གི་དྲ་རྒྱའི་ནང་བཀོད་འདུག
རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། ནུབ་ཕྱོགས་རྒྱལ་ཁབ་ཚོས་སྐུ་ཞབས་ལིའུ་ཞོ་པོ་ལགས་དང་ཁོང་གི་བཟའ་ཟླ་Liu Xia གཉིས་ཀྱི་འདོད་པ་བཞིན་ཕྱི་རྒྱལ་ལ་སྨན་བཅོས་ཀྱི་ཆེད་དུ་འགྲོ་སྐྱོད་ཆོག་པའི་ཆོག་མཆན་སྤྲོད་དགོས་པའི་སྐོར་རྒྱ་ནག་གཞུང་ལ་འབོད་སྐུལ་ཞུས་ཡོད་ཀྱང་རྒྱ་ནག་གཞུང་གིས་ད་བར་ཆོག་མཆན་སྤྲད་མེད་པ་རེད་འདུག
ཡང་སྐུ་ཞབས་ལིའུ་ཞོ་པོ་ལགས་ཀྱི་གྲོགས་པོ་ཞིག་གིས་བཤད་པ་ཞིག་ལུང་འདྲེན་བྱས་ནས་རྒྱ་ནག་གཞུང་འབྲེལ་གསར་ཤོག་South China Morning Post ཞེས་པའི་ནང་གནས་ཚུལ་སྤེལ་བར་གཞིགས་ན། སྐུ་ཞབས་ལིའུ་ཞོ་པོ་ལགས་དྲག་བསྐྱེད་རེ་བ་མེད་ཀྱང་ཁོང་ཕྱི་རྒྱལ་རང་དབང་ལུང་པ་ཞིག་ཏུ་སྨན་བཅོས་ལ་ཕེབས་ནས་རང་དབང་ལུང་པ་ཞིག་ཏུ་ཤི་འདོད་གནང་གི་འདུག་ལ་ཁོང་དང་མཉམ་དུ་ཁོང་རང་གི་སྐུ་ཟླ་ཡང་རང་དབང་ལུང་པ་ཞིག་ཏུ་ཁྲིད་འདོད་གནང་གི་འདུག་ཅེས་གསུངས་འདུག
ལིའུ་ཤའོ་ཕོའོ་ལགས་ཀྱིས་གྲོགས་པོ་Hu Jiaཞུ་བས། ལེའུ་ཁོང་ཉི་མ་གཅིག་ལས་སྡོད་རྒྱུ་མེད་པའམ་ཡང་ན་གནམ་གྲུའི་ནང་གྲོངས་ཀྱང་གང་ལྟར་ཁོང་གི་འདོད་པ་བཞིན་སྐུ་ཟླ་མཉམ་ཕྱི་རྒྱལ་ཞིག་ཏུ་སྨན་བཅོས་ལ་འགྲོ་རྒྱུ་དེ་ཁོང་གི་རེ་བ་མཐའ་མ་དེ་རེད་ཅེས་གསུངས་འདུག

གསར་འགོད་པ་ཚེ་དབང་དངོས་གྲུབ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
རྒྱ་ནག་གིས་བསྐོ་བཞག་བྱས་པའི་པཎ་ཆེན་བལ་ཡུལ་ནང་ཡོང་རྒྱུ་བལ་ཡུལ་གྱིས་ངོས་ལེན་བྱས་མེད་པ་བལ་ཡུལ་གྱི་གསར་ལམ་ཁག་ཅིག་གིས་གནས་ཚུལ་སྤེལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དགེ་བཤེས་རྭ་ཆུང་དགེ་འདུན་ལགས་བཙོན་འཇུག་གི་དུས་ཡུན་ཚང་སྟེ་གློད་གྲོལ་ཐོབ་ཡོད་ནའང་། ཁོང་བཙོན་གྲོལ་མ་ཐོབ་སྔོན་ཨ་མ་འདས་གྲོངས་སུ་གྱུར་ཏེ་མ་བུ་ཐུག་འཕྲད་ཐུབ་མེད་པ།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎