དྲ་ལམ་བརྒྱུད་བཀའ་དབང་ཞུ་མཁན་མི་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ལྷག་བྱུང་འདུག

2020-05-30
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ནས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་སྐབས།
༸གོང་ས་མཆོག་ནས་དྲ་ལམ་བརྒྱུད་ཐུགས་རྗེ་ཆེན་པོའི་བཀའ་དབང་བསྩལ་སྐབས།
དགའ་ལྡན་ཕོ་བྲང་།

དེ་རིང་ཕྱི་ཟླ་༥ཚེས་༣༠རེས་གཟའ་པ་སྤེན་པའི་ཉིན་གྱི་སྔ་དྲོ་བཞུགས་སྒར་རྡ་རམ་ས་ལའི་༸རྒྱལ་བའི་ཕོ་བྲང་ནས་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་འཕགས་པ་ཐུགས་རྗེ་ཆེན་པོའི་བཀའ་དབང་དངོས་གཞི་དང་སྤྱན་རས་གཟིགས་སེང་གེ་སྒྲའི་རྗེས་གནང་སྩལ་བའི་སྐབས། དད་ལྡན་མང་ཚོགས་རྣམས་ལ་བྱང་ཆུབ་སེམས་པའི་སྤྱོད་པར་འཇུག་དགོས་པའི་གལ་གནས་སྐོར་ངོ་སྤྲོད་གནང་བའི་རྗེས། བྱང་ཆུབ་སེམས་པའི་སྡོམ་པ་དངོས་སུ་བསྩལ་ཞིང་། རང་གཅེས་འཛིན་ལ་སྐྱོན་དང་གཞན་གཅེས་འཛིན་ལ་ཡོན་ཏན་དུ་མཐོང་ནས་བྱང་ཆུབ་སེམས་སྒོམ་པ་ཡིན་ཚེ། འཕྲལ་སེལ་ཀྱི་བདེ་བ་དང་ཕུགས་ཀྱི་བདེ་སྐྱིད་གཉིས་ཀ་ཡོང་རྒྱུ་ཡིན་པ་བཀའ་གནང་བཞག

ཡང་ཏོག་དབྱིབས་ནད་རིམས་རྐྱེན་པས་མི་ཕན་ཚུན་དབར་ཐུགས་འཕྲད་བྱ་རྒྱུའི་ཐད་དམ་བསྒྲགས་ཆེན་པོ་བྱེད་བཞིན་ཡོད་ཀྱང་། དེང་རབས་ཀྱི་དྲ་རྒྱའི་ལམ་ནས་ད་རེས་ཀྱིས་བཀའ་དབང་དང་གསུང་ཆོས་དེ་བཞིན་འཛམ་གླིང་ས་ཕྱོགས་གང་སར་རྒྱ་ཆེན་ཁྱབ་སྤེལ་བྱུང་ཡོད་པར་བརྟེན། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཐུགས་དགེ་ཚོར་ཆེན་པོའི་ངང་ཐེངས་འདིའི་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་བཀའ་དབང་དེ་མཇུག་སྒྲིལ་གནང་བཞག

ཐེངས་འདིའི་ཐུགས་རྗེ་ཆེན་པོའི་དབང་ཆེན་དང་བཀའ་ཆོས་ཞུ་མཁན་ངོ་དེབ་ལ་སོགས་པའི་སྤྱི་ཚོགས་དྲ་ལམ་བརྒྱུད་མི་གྲངས་ས་ཡ་གཅིག་དང་ཕྱེད་ཀ་ལྷག་གིས་གསན་གཟིགས་གནང་ཡོད་པ་དགའ་ལྡན་ཕོ་ཡིག་ཚང་གི་འབྲེལ་ཡོད་ལས་བྱེད་ཤིག་གིས་གསུངས་བཞག ཉིན་གཉིས་རིང་གི་བཀའ་དབང་དེ་བཞིན་རྒྱ་སྐད་དང་། ཧིན་སྐད། ར་ཤཱི་ཡའི་སྐད། སོག་སྐད། ཀོ་རི་ཡའི་སྐད། ཉི་ཧོང་སོགས་སྐད་ཡིག་མི་འདྲ་བ་བཅུ་གསུམ་ཐོག་གསུང་བསྒྱུར་ཞུས་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།