ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲཱི་མཆོག་ལས་གནས་ནས་དགོངས་ཞུ།

2023.11.25
ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲཱི་མཆོག་ལས་གནས་ནས་དགོངས་ཞུ།
དབུས་བོད་མིའི་སྒྲིག་འཛུགས།

ལྡི་ལི་སྐུ་ཚབ་དོན་གཅོད་བློ་བཟང་ཤཱསྟྲཱི་མཆོག་སྐུ་གཟུགས་འཕྲོད་བསྟེན་རྐྱེན་པས་དོན་གཅོད་ཀྱི་ལས་འཁུར་ནས་དགོངས་པ་ཞུས་དོན་ལྟར་བཀའ་ཤག་ནས་བཀའ་འཁྲོལ་བསྩལ་ཏེ་ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༡ ཉིན་སྐུ་ཚབ་དོན་གཅོད་མཆོག་གིས་ལྡི་ལི་དོན་གཅོད་ཁང་གི་དྲུང་ཆེ་དོན་གྲུབ་རྒྱལ་པོ་ལགས་སུ་རྩིས་སྤྲོད་གནང་ཡོད་ཅིང་།  སྤྲོད་དཔང་དུ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཕེབས་ཡོད་འདུག

ལྡི་ལི་སྐུ་ཚབ་དོན་གཅོད་ཀྱི་ལས་གནས་ནས་ལས་འཁྱུར་ཟིན་མ་ཐག་པ་བློ་བཟང་ཤཱསྟྲཱི་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ལས་འཁུར་ནས་དགོངས་པ་ཞུ་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་གནང་བའི་ནང་ཐོག་མར་བཀའ་ཤག་གི་ཐུགས་རེ་གནང་བ་བཞིན་བོད་ཀྱི་སྤྱི་པའི་ཞབས་འདེགས་ཞུས་ཐུབ་ན་སྙམ་པའི་ཀུན་སློང་བཅངས་ཡང་ཁོང་གི་སྐུ་གཟུགས་འཕྲོད་བསྟེན་ཐོག་ནས་གཟུགས་གཞི་བདེ་མིན་གྱིས་དགོངས་པ་ཞུས་པ་ལས་ལས་འགན་བྱེད་མ་ཐུབ་པ་སོགས་ཀྱི་ཐོག་ནས་དགོངས་པ་ཞུས་པ་དེ་འདྲ་མིན་ཞེས་གསལ་བཤད་གནང་བྱུང་། བློ་བཟང་ཤཱསྟྲཱི་ལགས་ཀྱིས་ད་དུང་། ལྡི་ལི་དོན་གཅོད་གི་ལས་འཁུར་ཞུས་རིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཆིབས་བསྒྱུར་གྲ་སྒྲིག་ཞུ་རྒྱུ་དང་། བཀའ་ཤག་ནས་བཀོད་མངགས་ཕེབས་པ་ལྟར། རྒྱ་གར་དབུས་གཞུང་གི་ནང་སྲིད་དང་ཕྱི་སྲིད་ལས་ཁུངས་ཀྱིས་མཚོན་པའི་ལས་ཁུངས་གཞན་ཁག་གི་ནང་ཆེད་བཅར་གྱིས་བོད་དོན་ཞུ་གཏུག་གནང་རྒྱུ་སོགས་ཀྱི་ལས་དོན་ཐ་དག་ཚགས་ཚུད་བྱུང་ཡོད་ཅེས་གསུངས་བྱུང་།

403621849_733916875439777_2180621726547584482_n.jpg

ལྡི་ལི་དོན་ཟུར་བློ་བཟང་ཤཱསྟྲཱི་མཆོག་གིས་འདས་པའི་ལོ་མང་རིང་བོད་ཀྱི་དཔེ་མཛོད་ཁང་དང་། བོད་མི་མང་སྤྱི་འཐུས་ཀྱི་ལས་འགན་སོགས་ཀྱི་ཞབས་འདེགས་བསྒྲུབས་ཡོད་པ་སྟེ། ཁོང་གིས་བོད་ཀྱི་དཔེ་མཛོད་ཁང་དུ་མི་ལོ་ ༢༥ རིང་ཕྱག་ལས་གནང་པ་དང་། ཕྱི་ལོ་ ༡༩༩༥ ནས་ ༢༠༠༥ བར་སྐབས་གཉིས་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དབུས་གཙང་སྤྱི་འཐུས་གནང་མྱོང་ཡོད་པ་རེད།

བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གིས་ལས་བྱེད་འདེམས་བསྐོ་ལྷན་ཁང་གི་སྒྲིག་གཞི་ལྟར་ཁོང་ལྡི་ལི་དོན་གཅོད་དུ་བསྐོ་བཞག་གནང་བ་བཞིན་ཁོང་གིས་ ༢༠༢༣ ཟླ་ ༡ ནང་ལས་འཁུར་བཞེས་ཏེ་ཟླ་བ་བཅུ་ལྷག་རིང་ལས་འཁུར་ཞུས་ཡོད་པ་རེད།།

གསར་འགོད་པ། ཚེ་དབང་དངོས་གྲུབ།

རྩོམ་སྒྲིག་པ་དང་། དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
༧སྐུའི་གཅེན་པོ་བཀའ་བློན་ཁྲི་ཟུར་རྒྱལ་ལོ་དོན་གྲུབ་མཆོག་དགུང་གྲངས་ ༩༧ ཐོག་དགོངས་པ་རྫོགས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཐེ་ཝན་ནང་བོད་དོན་ཞུ་གཏུག་གི་ལས་འགུལ་འགོ་འཛུགས།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎