ཨའོ་མན་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་རྔམ་སྟོན།

ཨའོ་མན་གྱི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ནས་ལོ་ངོ་༡༡འཁོར་བའི་དུས་དྲན་ཉིན་མི་མང་ཆིག་སྟོང་ལྷག་ཙམ་གྱིས་ངོ་རྒོལ།

2010.12.20

༄༅༎མ་ཁའོ་Macauའམ་ཨའོ་མན་གྱི་བདག་དབང་རྒྱ་ནག་གཞུང་གིས་རྩིས་ལེན་བྱས་ནས་ལོ་ངོ་༡༡འཁོར་བའི་དུས་དྲན་ལ་ས་གནས་མི་མང་ཆིག་སྟོང་ལྷག་ཙམ་གྱིས་གཟའ་ཟླ་བའི་ཉིན་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་འདུག

ངོ་རྒོལ་ནང་ཞུགས་མཁན་ནང་ངོ་རྒོལ་རྔམ་སྟོན་བྱེད་དགོས་པའི་རྒྱུ་མཚན་འདྲ་མིན་ཡོད་པ་དང་ཁག་ཅིག་གིས་གཟའ་འཁོར་སྔོན་མའི་གཟའ་མཇུག་ནང་རྒྱ་ནག་གཞུང་གིས་ཨའོ་མན་ལ་མ་དངུལ་ས་ཡ་ཕྱེད་ཀ་ཙམ་གྱི་འགྲོ་གྲོན་གཏོང་དགོས་ཀྱི་ཡོད་པའི་དོམ་ཁྲ་གཉིས་ལག་རྟགས་སུ་ངོ་རྒོལ་གྱི་རྣམ་འགྱུར་བཏོན་ཡོད་པ་དང་ དེ་བཞིན་ངོ་རྒོལ་བ་མང་པོ་ཞིག་གིས་ཨའོ་མན་དང་ཧོང་ཀོང་ལྟ་བུའི་གྲོས་ཚོགས་ཀྱི་འཐུས་མི་ཕྱེད་ཀ་ལྷག་ཙམ་རྒྱ་ནག་དབུས་གཞུང་གིས་འདེམས་བསྐོ་བྱེད་བཞིན་པའི་གནས་སྟངས་དེར་འགྱུར་ལྡོག་བཏང་ཏེ་གྲོས་ཚོགས་ཀྱི་འཐུས་མི་ཡོངས་རྫོགས་ས་གནས་མི་མང་ཚོས་འོས་ཤོག་དབྱུག་ནས་འདེམས་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་ དེ་མིན་ངོ་རྒོལ་ནང་ཞུགས་མཁན་ཁག་ཅིག་གིས་རྒྱ་ནག་གཞུང་གིས་མེ་ཁོའོ་སྤྱི་ཚོགས་ནང་འཆམ་མཐུན་གྱི་རྣམ་པ་སྐྲུན་དགོས་ལུགས་བརྗོད་ནས་རྒྱ་ནག་གཞུང་ཕྱོགས་དང་བསམ་ཚུལ་གཅིག་མཚུངས་མིན་པའི་འབོད་སྒྲ་མེད་པ་བཟོ་རྒྱུའི་ཕྱོགས་ལྷུང་གི་སྲིད་བྱུས་འཛིན་བཞིན་པར་ངོ་རྒོལ་སྐད་འབོད་བྱས་ཡོད་པ་རེད་ ཨའོ་མན་ཡི་བདག་དབང་༡༩༩༩ལོར་རྒྱ་ནག་གཞུང་གིས་པོར་ཅུ་གལ་ཡིས་མངའ་འོག་ནས་རྩིས་ལེན་བྱས་ཡོད་པ་དང་མའ་ཁའོ་ཡུལ་གྱི་ཡོངས་ཁུངས་ཀྱི་གཙོ་བོ་ནི་རྒྱན་རྩེད་ཀྱི་ཐོག་ནས་ཡོང་གི་ཡོད་ཅིང་ མའ་ཁའོ་ཡིས་དབག་དབང་རྩིས་ལེན་བྱས་པའི་རྗེས་གྱན་རྩེད་ཀྱི་ལས་རིགས་ལ་ཉམས་ཉེས་ཆེན་པོ་བྱུང་ཡོད་པ་དང་ཕྱོགས་མཚུངས་ས་གནས་དེའི་ནང་དཔོན་རིགས་ཀྱིས་ལྐོག་ཟའི་གནད་དོན་ཡང་ཛ་དྲག་དུ་འགྲོ་བཞིན་པ་སོགས་ཀྱིས་ས་གནས་མི་མང་ཚོས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་བཞིན་ཡོད་པ་རེད།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
དབོན་སྟོད་དགོན་པའི་ཕྱག་མཛོད་བགྲེས་པ་དང་གྲོང་ཚོའི་ལས་བྱེད་པ་གཉིས་ཀྱི་གྱོད་དོན་གཞུང་ཕྱོགས་གྱོད་ཞིབ་པར་རྩིས་སྤྲད་ཟིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎