མ་ཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་གནང་བཞིན་པ།

2014-07-21
གློག་འཕྲིན།
མཆན།
Share
པར་བཀོད།
བཞུགས་སྒར་རྡ་རམ་སཱ་ལ། ༢༠༡༤
བཞུགས་སྒར་རྡ་རམ་སཱ་ལ། ༢༠༡༤
LC

བཞུགས་སྒར་རྡ་རམ་སཱ་ལར་བོད་དོན་བདེན་མཐའ་གསལ་ཐབས་ལ་དམིཊ་མ་ཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་གནང་བཞིན་འདུག
དེ་ཡང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་ཀྱི་གོ་སྒྲིག་འོག་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གུ་རུའི་འབུམ་ཚོགས་འབུལ་གཤོམ་ཞུ་མུས་ལྟར། ཕྱི་ལོ་༢༠༡༤ཟླ་༧ཚེས་ ༢༡ནས་༢༥བར་ཉིན་གྲངས་ལྔའི་རིང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དབུས་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་རྣམ་པས་གཙོས་རིས་མེད་བསྟན་འཛིན་གྱི་སྐྱེས་ཆེན་རྣམས་སྐུ་ཚེ་ཞབས་པད་བརྟན་ཅིང་བསྟན་འགྲོ་སྐྱོང་བའི་ཐུགས་བཞེད་མཛད་པ་མཐའ་དག་ལྷུན་གྱིས་འགྲུབ་པ་དང་། བོད་དོན་བདེན་མཐའ་གསལ་ཐབས་སུ་དམིགས་ཏེ་རྡ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་མཆོད་སྤྲིན་སྟོང་ཚར་འབུལ་བཤམས་ཐོག་བཞུགས་སྒར་དུ་གནས་འཁོད་རིས་མེད་ཆོས་སྡེ་ཁག་གི་དགེ་བཙུན་སྔགས་གསུམ། གཞན་ཡང་གཉུག་གནས་པ་དང་། གློ་བུར་ལྷགས་པའི་དགེ་བཙུན་སྔགས་གསུམ། དེ་བཞིན་མི་མང་བཅས་ཁྱོན་མི་གྲངས་བརྒྱ་ཕྲག་བརྒལ་བ་རྣམས་ནས་བྱང་གཏེར་རིག་འཛིན་གདུང་སྒྲུབ་ཀྱི་སྒོ་ནས་མཧཱ་གུ་རུའི་ཚོགས་མཆོད་འབུམ་ཐེར་སྨིན་སྒྲུབ་གནང་འགོ་ཚུགས་གནང་ཡོད་པ་རེད། ཉིན་ལྔའི་རིང་གི་མ་ཧཱ་གུ་རུའི་འབུམ་ཚོགས་སྨིན་སྒྲུབ་ཞུ་སྐབས་ཞིང་མཆོག་འདུས་པ་རྒྱ་མཚོར་བསྙེན་བཀུར་གསོལ་ཇ་དང་། བཞེས་བག གུང་ཚིགས་དཀར་སྐྱོང་། དགེ་བཙུན་སྔགས་གསུམ་ལ་སྐུ་འགྱེད་བཅས་འབུལ་རྒྱུ་ཡིན་པ་མ་ཟད། སྔ་དྲོ་ཆུ་ཚོད་༦།༣༠ནས་༡༢།༠༠ བར་ཆོས་ཐུན་གཅིག་དང་། ཉིན་རྒྱབ་ཆུ་ཚོད་༡།༣༠ ནས་༤།༣༠ཆོས་ཐུན་གཅིག་འཚོགས་མུས་ཡིན་པ་རེད།

གསར་འགོད་པ་དབྱངས་སྒྲོལ།

མཆན། (0)
Share
དྲ་གནས་ཆ་ཚང༌།