བལ་ཡུལ་ནང་ཆབ་སྲིད་ཀྱི་གནོན་ཤུགས་འདྲ་མིན་ཡོང་གི་ཡོད་པ།

བལ་ཡུལ་ནང་ཆབ་སྲིད་ཀྱི་གནོན་ཤུགས་འདྲ་མིན་ལ་བརྟེན་ནས་ནག་ཉེས་བསག་མཁན་ཚོར་ཉེས་ཅད་བཏང་མ་ཐུབ་པའི་གནད་དོན་ཡོང་གི་ཡོད་སྐོར།

2009-03-29
Share

༄༅༎བལ་ཡུལ་ནང་གི་གསར་འགོད་པ་ཚོས་ཡུལ་ནང་གསར་འགོད་རང་དབང་གི་གནས་སྟངས་ཇེ་ཞེན་ཇེ་སྡུག་ཏུ་འགྲོ་གི་ཡོད་པ་དང་ཉེས་དོན་ཉེས་གསོག་པ་ཚོར་ཉེས་ཆད་མ་ཕོག་པར་གུ་ཡངས་གནས་སྡོད་བྱེད་བཞིན་ཡོད་པར་ངོ་རྒོལ་སྐྱོན་བརྗོད་གནང་གི་ཡོད་པའི་སྐབས་དེར་ཁ་ས་བལ་ཡུལ་གྱི་དྲིལ་བསྒྲགས་དང་གནས་འཕྲིན་འབྲེལ་མཐུད་བློན་ཆེན་ཀིརིཤ་ན་སྦ་ཧ་རྡུར་མ་ཧ་རཱ་ཡིས་ཆབ་སྲིད་ཀྱི་གནོན་ཤུགས་འདྲ་མིན་ལ་བརྟེན་ནས་གཞུང་གིས་ནག་ཉེས་བསག་མཁན་ཚོར་ཉེས་ཅད་བཏང་མ་ཐུབ་པའི་གནད་དོན་ཡོང་གི་ཡོད་སྐོར་འགྲེལ་བརྗོད་གནང་བཞག

བལ་ཡུལ་གསར་འགོད་པའི་མཐུན་ཚོགས་བཙུགས་ནས་ལོ་ལྔ་ཅུ་ང་བཞི་འཁོར་བའི་མཛད་སྒོའི་ཐོག་དྲིལ་བསྒྲགས་བློན་ཆེན་མ་ཧ་རཱ་ཡིས་བལ་ཡུལ་ནང་ནག་ཉེས་བསགས་མཁན་མང་པོ་ཅིག་ལ་ཁྲིམས་ཐོག་ནས་ཉེས་ཆད་མ་ཕོག་པར་གུ་ཡངས་ངང་གནས་བཞིན་པ་དེ་ཆབ་སྲིད་ཀྱི་འགོ་ཁྲིད་རྒན་པ་ཁག་ཅིག་གིས་ངན་པ་བྱས་རྒྱལ་དུ་བཏང་བའི་གནད་དོན་ཞིག་ཡིན་སྐོར་གསུངས་ཏེ་དབུ་ཁྲིད་དེ་ཚོའི་མིང་བཏོན་མ་གནང་བའི་ཐོག་ནས་ཁོང་ལའང་བལ་ཡུལ་ནང་མཱ་རྡེ་སི་གྲངས་ཉུང་མི་རིགས་ཚོས་ལས་འགུལ་སྤེལ་བའི་སྐབས་སུ་བརྙན་འཕྲིན་ལས་རིམ་དང་ཉིན་རེའི་གསར་ཤོག་ཁག་ཐོག་བཀག་སྡོམ་བྱ་རྒྱུའི་གནོན་ཤུགས་སྤྲད་ཡོད་སྐོར་འགྲེལ་བརྗོད་གནང་བཞག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།