འགྲུལ་བསྐྱོད་པ་དང་ཁ་ལོ་སོགས་མི་གྲངས་༢༩༥ཤི་འདུག

2014-07-18
གློག་འཕྲིན།
མཆན།
Share
པར་བཀོད།
མཱ་ལེ་ཤེ་ཡའི་འགྲུལ་སྐྱེལ་གནམ་གྲུ་བརྡབ་ཡུལ། ༢༠༡༤།༧།༡༧
མཱ་ལེ་ཤེ་ཡའི་འགྲུལ་སྐྱེལ་གནམ་གྲུ་བརྡབ་ཡུལ། ༢༠༡༤།༧།༡༧
AFP

གལ་ཏེ་གནམ་གྲུར་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱས་པའི་ར་འཕྲོད་བྱུང་ཚེ་དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་རེད་ཟེར།
དེ་ཡང་ཚེས༡༧ཉིན་Malaysiaའགྲུལ་སྐྱེལ་གནམ་གྲུ་ཞིག་Ukraine གྱི་ཤར་ཕྱོགས་གྲོང་གསེབ་ཅིག་ཏུ་གཏོར་ལྷུང་ཕྱིན་པའི་གནམ་གྲུའི་ནང་གི་འགྲུལ་པ་དང་ལས་བྱེད་བཅས་ཁྱོན་མི་གྲངས་༢༩༨ ཡོད་པ་ཚང་རྐྱེན་འདས་སུ་གྱུར་ཡོད་པ་དང་། གལ་ཏེ་གནམ་གྲུ་དེར་མེ་ཤུགས་འཕུར་མདེལ་གྱིས་གཏོར་རྒོལ་བྱས་པའི་ར་འཕྲོད་བྱུང་ཚེ། དེ་ནི་རྒྱལ་སྤྱིའི་ཁྲིམས་ལུགས་དང་འགལ་བ་མ་ཟད། འགྲོ་བ་མིའི་ཀུན་སྤྱོད་དང་ཡོངས་སུ་འགལ་བའི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱ་དགོས་ལུགས་Malaysiaའགྲིམ་འགྲུལ་བློན་ཆེན་གྱིས་གསུང་ཡོད་རེད། ཚེས་༡༧ཉིན་མ་ལ་ཨེ་ཤི་ཡའི་MH17རྟགས་ཅན་གྱི་འགྲུལ་སྐྱེལ་གནམ་གྲུ་ཞིག་ Netherland རྒྱལ་ས་Amsterdamནས་Malaysia རྒྱལ་ས་Kuala Lumpur རུ་འཕུར་བསྐྱོད་བྱེད་སྐབས་ Ukraineཤར་ཕྱོགས་ཀྱི་གྲོང་གསེབ་ཅིག་ཏུ་གློ་བུར་གཏོར་ལྷུང་གིས་ཐོར་བཤིག་སོང་ཡོད་པ་རེད། གནམ་གྲུ་ཐོར་བཤིག་གི་རྒྱུ་རྐྱེན་ད་ལྟ་ཁ་གསལ་ཤེས་རྟོགས་བྱུང་མེད་ཀྱང་ཨ་རིའི་གཞུང་འབྲེལ་མི་སྣས་གནམ་གྲུ་དེ་བཞིན་ས་ཐོག་ནས་མེ་ཤུགས་འཕུར་མདེལ་གྱིས་གཏོར་སྐྱོན་བཏང་ཡོད་པར་གསུང་འདུག་ལ་ Ukraine གྱི་སྲིད་འཛིན་མཆོག་ནས་ཀྱང་མེ་ཤུགས་འཕུར་མདེལ་འཕེན་མཁན་གྱི་བྱེད་གཏེ་དེ་བཞིན་ར་ཤི་ཡའི་ཕྱོགས་གཏོགས་Ukraineཁ་བྲལ་རིང་ལུགས་པ་ཡིན་པའི་སྐྱོན་འཛུགས་བྱས་པ་དང་། བྱ་སྤྱོད་འདི་བཞིན་འཇིགས་སྐུལ་རིང་ལུགས་ཀྱི་བྱ་སྤྱོད་ཅིག་ཡིན་ལུགས་སྐྱོན་བརྗོད་བྱས་ཡོད་པ་རེད། འཁྲུག་འཛིང་ཆེ་བའི་Ukraineས་ཐོག་ནང་Malaysia འགྲུལ་སྐྱེལ་གནམ་གྲུ་གཏོར་ལྷུང་བཏང་བའི་དོན་རྐྱེན་ལ་རྒྱལ་སྤྱིའི་ཐོག་ནས་བློ་འཚབ་གསལ་འདོན་བྱས་དང་བྱེད་མུས་ཁར་ཚེས་༡༨ཉིན་མཉམ་སྦྲེལ་རྒྱལ་ཚོགས་འགན་འཛིན་ལྷན་ཚོགས་ཀྱིས་Ukraineགྱི་ཛ་དྲག་གནད་དོན་སྐོར་ཚོགས་འདུ་བསྐོངས་ཚོགས་དང་འབྲེལ་ཡུལ་དེའི་ནང་Malaysia གནམ་གྲུ་གཏོར་ལྷུང་སོང་བའི་རྒྱུ་རྐྱེན་ཐད་རང་དབང་ལྡན་པའི་རྒྱལ་སྤྱིའི་རྟོགས་ཞིབ་མི་སྣས་ཞིབ་འཇུག་གཏིང་ཟབ་བྱ་རྒྱུའི་གསལ་བསྒྲགས་གནང་ཡོད་པ་རེད། ཨ་རིའི་སྲིད་འཛིན་Obamaདང་། Netherland སྲིད་བློན་མཆོག་ནས་ཀྱང་མཱ་ལེ་ཞི་ཡའི་གནམ་གྲུ་གཏོར་ལྷུང་བྱུང་སར་འཕྲལ་དུ་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་ཆེད་གཏོང་གནང་རྒྱུར་མོས་མཐུན་གནང་འདུག Malaysia འགྲུལ་སྐྱེལ་བློན་ཆེན་Liow Tiong གིས་གསུང་ན།  གནམ་གྲུ་གཏོར་ལྷུང་གི་རྒྱུ་རྐྱེན་ཐད།  ཞིབ་འཇུག་གི་ལས་དོན་དེ་རྐང་Ukraine གཞུང་ནས་སྣེ་འཁྲིད་བྱ་རྒྱུ་ཡིན་ཡང་དེའི་ནང་Malaysia ཕྱོགས་ནས་སྐུ་ཚབ་གཉིས་ཆེད་གཏོང་བྱ་རྒྱུ་ཡིན་ལུགས་གསུང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

མཆན། (0)
Share
དྲ་གནས་ཆ་ཚང༌།