ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་རྙོག་ཐད་བློ་འཚབ།

ཕི་ལི་པིན་སི་ཡུལ་གྱིས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཞུས་ནས་རྒྱ་ནག་དང་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གླེང་དེ་གདོང་ལེན་གནང་རྒྱུ།

2011.11.14

༄༅༎ཕི་ལི་པིན་སི་ཡུལ་གྱིས་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་རྒྱབ་སྐྱོར་ཞུས་ནས་རྒྱ་ནག་དང་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གླེང་དེ་གདོང་ལེན་གནང་རྒྱུ་ཡིན་རེད་ ཕི་ལི་པིན་སི་ཡུལ་གྱི་སྲིད་འཛིན་སྦེ་ནིག་ནོ་ཨ་ཁི་ནོ་མཆོག་གིས་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གླེང་དེ་ཕི་ལི་པིན་སི་ཡུལ་ཙམ་མ་ཟད་ལྷོ་ཤར་ཨེ་ཤི་ཡའི་མངའ་ཁུལ་གྱི་རྒྱལ་ཁབ་ཚང་མར་བློ་འཚབ་ཧ་ཅང་གི་ཆེན་པོ་བྱེད་འོས་པའི་གནད་དོན་ཞིག་ཆགས་ཀྱི་ཡོད་སྐོར་གསུང་པ་ཡུལ་དེའི་ཕྱི་སྲིད་ལྷན་ཁང་གི་ཡིག་ཆའི་ནང་བཀོད་པ་ཨེ་ཨེཕ་པི་གསར་འགྱུར་ལས་ཁང་གིས་མཁྱེན་རྟོགས་བྱུང་ཡོད་པ་རེད་            རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་ཡུལ་གྲུ་སྦུརུ་ནའེ། ཕི་ལི་པིན་སི། མ་ལེ་ཤི་ཡ། ལྦིཏ་ནམ། ཐའེ་ལྦན་བཅས་པའི་ཡུལ་གྲུ་ཁག་གིས་ལྷོ་རྒྱ་ནག་རྒྱ་མཚོ་དང་སིཔེརཏ་ལིསི་ཞེས་པའི་མཚོ་གླིང་གི་བདག་དབང་ཐོག་རྩོད་རྙོག་ཡོད་པ་རེད་
ཕི་ལི་པིན་སི་ཡུལ་ངོས་ནས་རྒྱ་ནག་དང་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་ཀྱི་ཚོགས་མི་ཡུལ་ཁག་དང་ཚོགས་འཛོམས་གནང་ནས་ལྷོ་རྒྱ་ནག་རྒྱ་མཚོའི་ཐོག་རྩོད་གླེང་ཡོད་པ་དང་རྩོད་གླེང་མེད་པའི་ས་ཐོག་བཀའ་མོལ་གནས་ནས་མཐུན་འབྲེལ་གྱི་ལས་དོན་ཞིག་སྤེལ་དགོས་པའི་སྐོར་གོང་ཞུས་ཕི་ལི་པིན་སི་ཕྱི་སྲིད་ལྷན་ཁང་གི་ཡིག་ཆ་དེའི་ནང་བཀོད་ཡོད་པ་རེད་ ཕྱི་ལོ་ ༢༠༠༢ ལོར་ལྷོ་ཤར་ཨེ་ཤི་ཡའི་མཐུན་ཚོགས་དང་རྒྱ་ནག་བར་ལྷོ་རྒྱ་ནག་རྒྱ་མཚོའི་རྩོད་གླེང་ཐོག་བྱ་སྤྱོད་སྤེལ་སྟངས་ཀྱི་སྒྲིག་གཞི་ཞིག་བཟོས་ཡོད་ཀྱང་དེ་ཁྲིམས་མཐུན་ཐོག་ངེས་པར་དུ་ལག་ལེན་འགེལ་དགོས་མེད་སྟབས་ད་ཐེངས་ཕི་ལི་པིན་སི་ཡུལ་ངོས་ནས་སྒྲིག་གཞི་དེ་དོན་དངོས་ཐོག་ལག་བསྟར་ཐུབ་པ་ཞིག་བཟོས་གནང་རྒྱུའི་དགོངས་པ་ཡོད་པ་རེད་ ལྷོ་ཤར་ཨེ་ཤི་ཡའི་(ASEAN)ཞེས་པའི་མཐུན་ཚོགས་དེ་བདུན་འདིའི་རེས་གཟའ་ཕུར་བུ་ཉིན་ཨིན་ཌོ་ནེ་ཤི་ཡའི་མཚོ་གླིང་སྦའ་ལི་ནང་བསྐོངས་ཚོགས་གནང་རྒྱུ་ཡིན་པ་མ་ཟད་མཐུན་ཚོགས་དེ་ཚོགས་གྲུབ་པའི་རྗེས་རྒྱ་ནག་དང་ཨ་མི་རི་ཀའི་ཡུལ་གཉིས་ཚུད་པའི་ལྷན་ཚོགས་ཤིག་ཀྱང་ཚོགས་གཏན་འཁེལ་ཡོད་པ་རེད་ ཕི་ལི་པིན་སི་ཡུལ་ངོས་ནས་གོང་ཞུས་ཀྱི་ལྷན་ཚོགས་དེའི་ཐོག་ལྷོ་རྒྱ་ནག་རྒྱ་མཚོའི་བདག་དབང་གི་གནད་དོན་དེ་གླེང་སློང་གནང་རྒྱུའི་དགོངས་པ་ཡོད་པ་རེད་

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཁྲིམས་སྒྲིག་བསྐྱར་བཅོས་འཆར་ཟིན་ཚོགས་ཆུང་གི་ལས་བསྡོམས་གྲོས་ཚོགས་སུ་སྙན་སྒྲོན་གནང་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎